འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་18.6བཏང་སྟེ་བདེ་འཇགས་འཐུང་
    ཆུའི་ལས་གྲྭ་ལག་ལེན་བསྟར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་18ཉིན། 09:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱས་པར། མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་18.6བཏང་སྟེ། འཐུང་ཆུའི་བདེ་འཇགས་བརྟན་གཏོང་རིམ་སྤོར་གྱི་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་དང་ལེ་ལག་ཚང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་གྲོང་ཚོ་དབུལ་པོ་1303དང་མི་འབོར་དབུལ་པོ་ཁྲི་32.49ཡི་བདེ་འཇགས་འཐུང་ཆུའི་ཆུ་ཚད་བརྟན་གཏོང་རིམ་སྤོར་བྱས་པར་ཕན་པ་ཐོབ་མཁན་མི་གྲངས་ཁྲི་214.71ཟིན་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་དང་འབྲོག་ཁུལ་གྱི་བདེ་འཇགས་འཐུང་ཆུའི་ལས་གྲྭའི་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་2.89བཏང་སྟེ་གྲོང་ཚོ་དབུལ་པོ་312ཀྱི་བདེ་འཇགས་འཐུང་ཆུའི་གྲུབ་འབྲས་བརྟན་གཏོང་རིམ་སྤོར་བྱས་པ་དང་མི་འབོར་དབུལ་པོ་ཁྲི་6.3གྱི་བདེ་འཇགས་འཐུང་ཆུའི་ཆུ་ཚད་མཐོ་རུ་བཏང་བ་དང་དུས་མཚུངས། མི་ཁྲི་31.6ལ་ཕན་པ་ཐོབ་ཡོད། རྣམ་གྲངས་དེའི་མ་དངུལ་ཚང་མ་གྲབས་གསོག་བྱས་ཏེ་དོན་འཁྱོལ་བྱས་ཟིན་པ་དང་འབྲེལ། གྲོང་ཁྱེར་དང་ཀྲོའུ་ཁག་ཏུ་གཤམ་སྤྲོད་བྱས་པ་རེད། དེའི་ནང་རྒྱལ་ཁབ་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་8000དང་། ཞིང་ཆེན་རིམ་པའི་ཆུ་བེད་འཛུགས་སྐྲུན་གལ་ཆེན་གྱི་ཐེབས་རྩའི་དངུལ་སྒོར་ཁྲི་3000 ཞིང་ཆེན་རིམ་པའི་ནོར་སྲིད་བུན་གཏོང་མ་དངུལ་སྒོར་དུང་ཕྱུར་1.7 ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་གྲབས་གསོག་མ་དངུལ་སྒོར་ཁྲི་906བཅས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2000ལོ་ཚུན་དུ་རིམ་རྩིས་བྱས་ན། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དང་འབྲོག་ཁུལ་གྱི་བདེ་འཇགས་འཐུང་ཆུའི་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་47.33བཏང་སྟེ། ལས་གྲྭ་ཁག་2287ལག་བསྟར་བྱས་པ་དང་གྲོང་གསེབ་དང་འབྲོག་ཁུལ་གྱི་མི་ཐེངས་ཁྲི་413གྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ་རེད། 2015ལོའི་ལོ་མཇུག་ཏུ། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་འཐུང་ཆུའི་ལས་གྲྭ་ཁྱོན་ཡོངས་ལ་ཁྱབ་པ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚང་མར་བདེ་འཇགས་འཐུང་ཆུའི་ལས་གྲྭའི་ཕན་པ་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།