འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཡིག་གི་རིག་ནུས་འཚོལ་བཤེར་མཉེན་ཆས་དྲ་ཐོག་ཏུ་ཚོད་ལྟ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་10ཉིན། 08:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ཡིག་གི་རིག་ནུས་འཚོལ་བཤེར་མཉེན་ཆས་དྲ་ཐོག་ཏུ་ཚོད་ལྟ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བོད་སྐད་ཨུད་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། གཞུང་ལས་ཁང་དེས་འགན་འཁུར་ནས་གསར་སྤེལ་བྱས་པའི་གོ་ལ་ཧྲིལ་པོའི་བོད་ཡིག་རིག་ནུས་འཚོལ་བཤེར་མཉེན་ཆས་དང་པོ་ཡིན་པའི“ཡོངས་འཛིན”དྲ་ཐོག་ཏུ་ཚོད་ལྟ་བྱེད་འགོ་ཚུགས་པ་རེད།
         “ཡོངས་འཛིན”ནི་མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་བྱ་གཞག་གི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ནང་གི་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་གྲུབ་ཆའི་ཆ་ཤས་གལ་ཆེན་ཞིག་ཡིན་ཞིང་། 2013ལོའི་ཟླ་བཞི་པར་མ་ལག་གི་སྟེགས་བུའི་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་ཞིབ་བཟོ་ཚོགས་པའི་ནང་ལས་མི་150ལྷག་ཙམ་ཡོད། བོད་ཡིག་ཆ་འཕྲིན་ཐོ་འཇུག་ཚོགས་ཆུང་དང་། ཚིག་རྐང་མཆན་འགོད་ཚོགས་ཆུང་། ལག་རྩལ་ཚོགས་ཆུང་བཅས་3ལས་གྲུབ་པའི་ཚོགས་པའི་ནང་བོད་རིགས་ཀྱི་བསྡུར་གྲངས་87%ཟིན་གྱི་ཡོད།
         མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བོད་སྐད་ཨུད་གཞུང་ལས་ཁང་གི་ཀྲུའུ་རེན། “ཡོངས་འཛིན”མཉེན་ཆས་གསར་སྤེལ་གྱི་འགན་འཁུར་བས“ཡོངས་འཛིན”གྱི་དམིགས་ཡུལ་ནི་རྒྱ་ཆེའི་བོད་ཡིག་དྲ་དམངས་ཀྱི་མི་གཤིས་ཅན་གྱི་འཚོལ་ཞིབ་དགོས་མཁོ་སྐོང་བ་དང་ཆབས་ཅིག་བོད་ཡིག་ཆ་འཕྲིན་ཅན་གྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། མིག་སྔར་མཉེན་ཆས་དེར་གསར་འགྱུར་དང་། དྲ་ངོས། པར་རིས། བརྙན་རིས་བཅས་འཚོལ་བཤེར་ཐུབ་པའི་ནུས་པ་ལྡན་ཡོད་ལ། ད་དུང་ཤེས་བྱ་ཀུན་འདུས་དང་། རིག་མཛོད། དྲིས་ལན་བཅས་ཀྱི་ནུས་པའང་ལྡན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         འགན་འཁུར་བ་དེས“ཡོངས་འཛིན”འཚོལ་བཤེར་ཞིབ་བཟོའི་ཁྱབ་ཁོངས་ནང་བོད་ཡིག་ཆ་འཕྲིན་ཐག་གཅོད་ལག་རྩལ་ད་དུང་བྱང་ཆུབ་པོ་མེད་པར་གནད་དོན་དང་མི་འདང་ས་མང་པོ་ཡོད། འདིའི་ནུས་པ་དང་ནང་དོན་ཁག་གཅིག་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བཞིན་ཡོད་ཅེས་བཤད་པ་རེད།
    ༄༅།།བོད་ཡིག་གི་རིག་ནུས་འཚོལ་བཤེར་མཉེན་ཆས་དྲ་ཐོག་ཏུ་ཚོད་ལྟ་བྱས་པ།
    ༄༅།།བོད་ཡིག་གི་རིག་ནུས་འཚོལ་བཤེར་མཉེན་ཆས་དྲ་ཐོག་ཏུ་ཚོད་ལྟ་བྱས་པ།
    ༄༅།།བོད་ཡིག་གི་རིག་ནུས་འཚོལ་བཤེར་མཉེན་ཆས་དྲ་ཐོག་ཏུ་ཚོད་ལྟ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།