འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ནུས་
    ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

    ལོ་སྟོད་དུ་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་123ལྷག་ཙམ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་18ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ་བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གཞུང་ལམ་བདག་སྐྱོང་ཤར་བགྲོད་འགན་ལེན། འགྲོ་ལམ་སྐྱེལ་འདྲེན་ཞབས་ཞུ། འགྲིམ་འགྲུལ་སྲིད་འཛིན་ཁྲིམས་འཛིན་སོགས་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་འགན་ལེན་སྔོན་ལ་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལོ་སྟོད་དུ་བོད་ཀྱི་གཏན་འཇགས་མ་འཇོག་བྱེད་ཚད་བརྟན་པོའི་ངང་འཕར་བ་དང་། བོད་ཡོངས་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལ་རྒྱལ་ཁབ་ནས་མ་དངུལ་སྒོར་དུང་ཕྱུར་123.08བཏང་བ། གཞུང་ལམ་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དངུལ་བུན་སྒོར་དུང་ཕྱུར་36གཏོང་རྒྱུའི་གན་རྒྱ་བཞག་པའི་ནང་། རིམ་རྩིས་བྱས་ན་དངོས་སུ་ལག་འབྱོར་སྒོར་དུང་ཕྱུར་16བྱུང་ཡོད་པ་རེད། ཟླ་དྲུག་པའི་ཟླ་མཇུག་བར། གཞུང་ལམ་འཛུགས་སྐྲུན་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་167.5བཏང་བ་དང་གཞུང་ལམ་འགྲིམ་འགྲུལ་ལ་བརྟན་འཇགས་མ་དངུལ་སྒོར་དུང་ཕྱུར་180.3བཏང་ཡོད་པ་རེད། ལོ་སྨད་དུ་བོད་ཀྱིས་གཞུང་ལམ་ལས་གྲྭའི་རྣམ་གྲངས་13ལས་འགོ་འཛུགས་ཐུབ་པའི་བརྩོན་ལེན་བྱས་ནས་རྒྱལ་ལམ་318གྱི་ལྷ་ས་ནས་ཆུ་ཤུར་ཟམ་ཆེན་བར་སོགས་ཀྱི་རྣམ་གྲངས་13ལེགས་གྲུབ་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།
         གཙོ་གནད་རྣམ་གྲངས་ཀྱི་དུས་འགོ་དང་འཛུགས་སྐྲུན་ཐད་རྒྱལ་ལམ་219ཡི་ས་དགའ་རྫོང་ནས་སྣང་རྫོང་སྐྱེམས་སྟོང་ཤང་བར་སོགས་ཀྱི་རྣམ་གྲངས་ལས་གྲྭ་17གྱི་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུ་བྲིས་པ་དང་། བོད་ཡོངས་ཀྱི་རྒྱལ་ལམ་317གྱི་སྔས་ལ་རི་བོའི་ཕུག་ལམ་སོགས་གཙོ་གནད་རྣམ་གྲངས་31མུ་མཐུད་བསྐྲུན་པ། ལྷ་ཉིང་(དུས་ཐེངས་གཉིས་པ)དང་། ལྷ་ས་གྲོང་ཁྱེར་གྱི་གྲོང་འཛུལ་དུམ་བུའི་ལྷོ་སྐོར་ལམ་ལྷོ་མ་དང་སྐོར་ལམ་ནུབ་མ། གཞིས་རྩེ་ནས་གཞིས་རྩེའི་གནམ་ཐང་བར། གོང་དཀར་གནམ་ཐང་ནས་རྩེད་ཐང་བར། ཐང་སྨད་ཟམ་ཆེན་ནས་ལྷ་རི་རྫོང་གི་གྲོང་ཡུལ་ཤང་བར་སོགས་ཀྱི་རྣམ་གྲངས་12ཀྱི་ལས་འགོ་གསར་དུ་བཙུགས་པ་རེད།
         གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད། བོད་ཡོངས་ཀྱི་ཁག་དང་པོའི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་གྱི་རྣམ་གྲངས་179ལག་ལེན་བསྟར་རྒྱུ་བཀོད་སྒྲིག་བྱས་པ་དང་། མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་98.96ཟིན་པ། ཤང་དང་གྲོང་རྡལ་45དང་། སྒྲིག་གཞི་ཚང་བའི་གྲོང་ཚོ་196 རང་བྱུང་གྲོང་ཚོ་90བཅས་སུ་ཤར་བགྲོད་ཐུབ་རྒྱུའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཤིང་། མིག་སྔ། རྣམ་གྲངས་161ལ་བཀའ་ལན་འབྱོར་བ་དང་། འཛུགས་སྐྲུན་གཞི་ཁྱོན་སྤྱི་ལེ་3345.913ཟིན་པ། མ་དངུལ་སྒོར་དུང་ཕྱུར་81.67གཏོང་རྒྱུའི་མཆན་བཀོད་བཀའ་ལན་འབྱོར་བའི་ནང་རྣམ་གྲངས་115ལས་འགོ་ཚུགས་ཟིན་པ་རེད།
         བདག་སྐྱོང་ལས་གྲྭའི་འཛུགས་སྐྲུན་ཐད། བོད་ཡོངས་ཀྱི་གཞུང་ལམ་ལམ་དྲའི་གྲུབ་ཆ་སྒྱུར་བཀོད་ལས་གྲྭ་མུ་མཐུད་སྐྲུན་པའི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་6143.24བཏང་བའི་ནང་། ཉེན་ཡོད་ཟམ་པའི་བསྒྱུར་བཀོད་ལས་གྲྭར་སྒོར་ཁྲི་4745.99དང་བདེ་འཇགས་ཚེ་སྲོག་འགོག་སྲུང་ལས་གྲྭར་སྒོར་ཁྲི་1397.24བཏང་ཡོད་པ་རེད། དེ་དང་ཆབས་ཅིག་གཞུང་ལམ་བདག་སྐྱོང་གི་ཆུ་ཚད་མངོན་གསལ་དོད་པོས་ཡག་ཏུ་སོང་བ་དང་། བོད་ཡོངས་ཀྱི་གཞུང་ལམ་གྱི་ལམ་ངོས་སྨི་ངོས་གྲུ་ཁྲི་5777བདག་སྐྱོང་བྱས་པ་དང་འབྲེལ་གཙང་སེལ་ཡང་བྱས་པ་རེད།
         ཆ་འཕྲིན་ཅན་གྱི་རྣམ་གྲངས་འཛུགས་སྐྱོང་ཐད། ལོ་སྟོད་དུ་བོད་ཀྱི་འགྲིམ་འགྲུལ་འཁོར་རྒྱུག་བཀོད་འདོམས་ལྟེ་གནས་ཀྱི་འཕྲིན་གཏོང་ལས་སྒོའི་ཁང་ཆེན་བསྐྱར་སྐྲུན་དང་རྒྱས་སྐྲུན་གྱི་གཙོ་གནད་ལས་གྲྭ་ཚང་མ་ལས་མཇུག་འགྲིལ་བ་རེད། བོད་རང་སྐྱོང་ལྗོངས་གཞུང་ལམ་དང་ཆུ་ལམ་བདེ་འཇགས་ཤར་བགྲོད་དང་འཕྲལ་སྡོམ་ཐག་གཅོད་མ་ལག་ལས་གྲྭས་ཕྱི་རོལ་གནས་ཚིགས་མང་པོ་བཀོད་སྒྲིག་བྱས་པའི་ནང་། གཞུང་ལམ་ཐོག་གི་བརྙན་ལམ་ལྟ་སྐུལ་ཚོད་འཛིན་བྱེད་གནས་31དང་ཆུ་ལམ་གྱི་བརྙན་ལམ་ལྟ་སྐུལ་ཚོད་འཛིན་བྱེད་གནས་8ཡོད། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྡེ་ཚན་གྱིས“12328”འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུའི་ལྟ་སྐུལ་ཁ་པར་མ་ལག་ལས་གྲྭ་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱས་ནས། ཟླ་དགུ་པའི་ནང་ཚོད་ལྟའི་འཁོར་སྐྱོད་ཐུབ་པ་བྱ་རྒྱུ་རེད། གཞན་ཡང“དྲ་སྦྲེལ+”འགྲིམ་འགྲུལ་གྱི་རྣམ་པ་གང་ལེགས་སྤྱད་ནས་གྲོང་གསེབ་ཀྱི་གཞུང་ལམ་ཞིབ་བསྡུར་ཡོངས་བཤེར་གྱི་ལས་དོན་སྤེལ་འགོ་འཛུགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།