འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་དགེ་འདུན་བཅུ་ལ་བོད་བརྒྱུད་ནང་བསྟན་གྱི་མིང་བཏགས་མཐོ་ཤོས་ཐོབ་པའི་
    རྟགས་གསལ་དམ་བཅའ་འཇོག་པའི་འོས་ཚད་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་17ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་དགེ་འདུན་བཅུ་ལ་བོད་བརྒྱུད་ནང་བསྟན་གྱི་མིང་བཏགས་མཐོ་ཤོས་ཐོབ་པའི་
རྟགས་གསལ་དམ་བཅའ་འཇོག་པའི་འོས་ཚད་ཐོབ་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་12ཉིན་ནས་ཚེས་16ཉིན་བར་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་ལ་ལྷ་རམས་པའི་དགེ་བཤེས་ཀྱི་མིང་བཏགས་ཐོབ་པར་དཔྱད་ཞིབ་བྱ་རྒྱུའི་དབྱར་དུས་སྦྱོར་རྒྱུགས་ལྷ་སའི་དགའ་ལྡན་དགོན་དུ་སྤེལ་བ་རེད། ལྷ་ས་དང་། གཞིས་ཀ་རྩེ། ཆབ་མདོ། ནག་ཆུ་སོགས་ནས་ཡོང་བའི་དགེ་འདུན་བཅུ་ཡིས་དུས་ཡུན་ཉིན་ལྔའི་རིང་ལ་རྟགས་གསལ་དམ་བཅའ་བཞག་ནས་རྒྱུགས་སྤྲོད་རིག་ཚན་ཁག་ལེགས་འགྲུབ་གནང་བས། སང་ལོར་གཙུག་ལག་ཁང་དུ་རྟགས་གསལ་དམ་བཅའ་འཇོག་པའི་མཛད་སྒོར་ཞུགས་ཏེ་ལྷ་རམས་པའི་དགེ་བཤེས་ཀྱི་མིང་བཏགས་དངོས་སུ་ཐོབ་རྒྱུ་རེད།
         བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲུབ་མཐའི་མདོ་ཕྱོགས་ཀྱི་དགེ་བཤེས་ཀྱི་མིང་བཏགས་ལ་རིམ་པ་བཞི་ཡོད་པ་སྟེ། དེ་དག་ནི་ གླིང་བསྲེའི་དགེ་བཤེས་དང་། རྡོ་རམས་པའི་དགེ་བཤེས།  ཚོགས་རམས་པའི་དགེ་བཤེས། ལྷ་རམས་པའི་དགེ་བཤེས་་བཅས་རེད། དེ་དག་ནང་ལྷ་རམས་པའི་དགེ་བཤེས་ནི་མིང་བཏགས་མཐོ་ཤོས་ཡིན་པས། དགེ་ལུགས་པའི་དགེ་འདུན་ཚོས་སློབ་གཉེར་བྱ་རྒྱུའི་ཆེས་མཐོའི་དམིགས་ཡུལ་རེད།
    ༄༅།།བོད་ལྗོངས་ཀྱི་དགེ་འདུན་བཅུ་ལ་བོད་བརྒྱུད་ནང་བསྟན་གྱི་མིང་བཏགས་མཐོ་ཤོས་ཐོབ་པའི་
རྟགས་གསལ་དམ་བཅའ་འཇོག་པའི་འོས་ཚད་ཐོབ་པ།
    ༄༅།།བོད་ལྗོངས་ཀྱི་དགེ་འདུན་བཅུ་ལ་བོད་བརྒྱུད་ནང་བསྟན་གྱི་མིང་བཏགས་མཐོ་ཤོས་ཐོབ་པའི་
རྟགས་གསལ་དམ་བཅའ་འཇོག་པའི་འོས་ཚད་ཐོབ་པ།
    ༄༅།།བོད་ལྗོངས་ཀྱི་དགེ་འདུན་བཅུ་ལ་བོད་བརྒྱུད་ནང་བསྟན་གྱི་མིང་བཏགས་མཐོ་ཤོས་ཐོབ་པའི་
རྟགས་གསལ་དམ་བཅའ་འཇོག་པའི་འོས་ཚད་ཐོབ་པ།
      

    ཕྱོགས་བསྡུས་གསར་འགྱུར།