འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སྒྲིག་འགལ་ངང་ན་སོ་དར་ལ་མ་བབས་པའི་མི་དྲ་ཁང་ནང་འཛུལ་དུ་བཅུག་པར་ཞིབ་བཤེར་
    ཐག་གཅོད་ནན་པོ་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་18ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། དྲ་ཞུགས་ཞབས་ཞུ་བྱ་ཡུལ་གྱི་ལས་གཉེར་གོ་རིམ་ཚད་ལྡན་དུ་བཏང་ནས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དང་། དྲ་ཞུགས་ཞབས་ཞུ་བྱ་ཡུལ་གྱི་ཁོར་ཡུག་ལེགས་སུ་གཏོང་བ། དྲ་ཞུགས་ཞབས་ཞུ་བྱ་ཡུལ་ཕྱོགས་སྒྱུར་རིམ་སྤོར་སྔར་བས་ཐུབ་པ་བཅས་བྱ་ཆེད་ས་ཁུལ་ཁག་གི་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་ལས་ཁུངས་ཀྱིས་གཅིག་སྡུད་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་དབྱར་གསེང་རིང་གི་རིག་གནས་ཁྲོམ་རར་དོ་དམ་བྱ་ཤུགས་ཆེ་རུ་བཏང་སྟེ་དྲ་ཞུགས་ཞབས་ཞུ་བྱ་ཡུལ་གྱིས་སྒྲིག་འགལ་ངང་ན་སོ་དར་ལ་མ་བབས་པའི་མི་དྲ་ཁང་ནང་འཛུལ་དུ་བཅུག་པའི་བྱེད་སྤྱོད་ལ་ཁྲིམས་བཞིན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད་པ་རེད།
         བསྡོམས་རྩིས་ལ་གཞིགས་ན། ཟླ་བདུན་པ་ཁོ་ནར་ས་ཁུལ་ཁག་གི་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་སྒྲིག་གཞིས་དྲ་ཞུགས་ཞབས་ཞུ་བྱ་ཡུལ་གྱི་ལས་གཉེར་བྱེད་སྒོར་ཞིབ་བཤེར་མི་ཐེངས་ཁྲི་35མངགས་ནས་དྲ་ཐོག་ཞབས་ཞུ་བྱ་ཡུལ་ཁྲི་15ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་། ཞབས་ཞུ་བྱ་ཡུལ་2520ལ་ལེགས་བཅོས་བྱ་རྒྱུའི་བཀའ་བཏང་བ། ཐེར་འདོན་ཁག་1132བདག་སྤྲོད་བྱས་པ། གྱོད་གཞི་2411གྱོད་དོན་ཐོ་འགོད་བྱས་པ། ཞབས་ཞུ་བྱ་ཡུལ་1879ལ་ཐ་ཚིག་བསྒྲགས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།