འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ཡིག་གཟིགས་ཞལ་ཐང་རིང་མོ་《བོད་ཀྱི་ཡིག་གཟུགས་ཀུན་འདུས་ཞལ་ཐང་རིང་
    མོ་》ཞེས་པ་ལྷ་ས་རུ་ལྟད་མོ་བར་སྤྱན་འབུལ་ཞུ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་16ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ཀྱི་ཡིག་གཟིགས་ཞལ་ཐང་རིང་མོ་《བོད་ཀྱི་ཡིག་གཟུགས་ཀུན་འདུས་ཞལ་ཐང་རིང་
མོ་》ཞེས་པ་ལྷ་ས་རུ་ལྟད་མོ་བར་སྤྱན་འབུལ་ཞུ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་12ཉིན་བོད་ཀྱི་ཡིག་གཟུགས་ཞལ་ཐང་རིང་མོ་《བོད་ཀྱི་ཡིག་གཟུགས་ཀུན་འདུས་ཞལ་ཐང་རིང་མོ་》ཞེས་པ་ལྷ་ས་གྲོང་ཁྱེར་གྱི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ལྟད་མོ་བར་སྤྱན་འབུལ་ཞུས་པ་རེད། 《བོད་ཀྱི་ཡིག་གཟུགས་ཀུན་འདུས་ཞལ་ཐང་རིང་མོ་》ཞེས་པ་དེའི་རིང་ཚད་ལ་སྨི་267དང་ཞེང་ཚད་ལ་སྨི་0.86ཡོད་ཅིང་། དེ་ནི་བོད་རིགས་ཡིག་གཟུགས་མཁས་ཅན་དགེ་མང་འཇམ་དཔལ་ལགས་ཀྱིས་ལོ་བཞི་ཡི་རིང་གསར་རྩོམ་གནང་ནས་ལེགས་འགྲུབ་མཛད་པ་ཡིན་ལ། བརྩམས་ཆོས་སུ་བོད་ཀྱི་ཞང་ཞུང་སྐབས་ཀྱི་སྨར་ཆེན་དང་། སྨར་ཆུང་། གཟི་ཡིག་བཅས་དང་། དེ་བཞིན་བོད་བཙན་པོ་སྐབས་ཀྱི་འབྲུ་ཆེན་དང་འབྲུ་མ་སོགས་ཡིག་གཟུགས་མི་འདྲ་བ་190ལྷག་སྤྱད་ནས་བོད་བཙན་པོ་དུས་ཀྱི་བློན་པོ་ཐོན་མི་སམ་བྷོ་ཊས་བརྩམས་པའི་《སུམ་ཅུ་པ་》དང་《རྟགས་འཇུག་》དང་།  བསྟན་པ་ཕྱི་དར་སྐབས་ཀྱི་ཡིག་མཁན་ཁྱུང་པོ་གཡུ་ཁྲིས་བརྩམས་པའི་《ཡིག་གཟུགས་རྣམ་བཞག》 གཞན་ད་དུང་དུས་རབས་རིམ་བྱུང་གི་ཡིག་གཟུགས་མཁས་ཅན་བཅུ་ལྷག་གི་སྐུ་བརྙན་སོགས་ནང་དོན་དུ་བཀོད་ཡོད་པ་རེད།
    ༄༅།།བོད་ཀྱི་ཡིག་གཟིགས་ཞལ་ཐང་རིང་མོ་《བོད་ཀྱི་ཡིག་གཟུགས་ཀུན་འདུས་ཞལ་ཐང་རིང་
མོ་》ཞེས་པ་ལྷ་ས་རུ་ལྟད་མོ་བར་སྤྱན་འབུལ་ཞུ་བ།
    ༄༅།།བོད་ཀྱི་ཡིག་གཟིགས་ཞལ་ཐང་རིང་མོ་《བོད་ཀྱི་ཡིག་གཟུགས་ཀུན་འདུས་ཞལ་ཐང་རིང་
མོ་》ཞེས་པ་ལྷ་ས་རུ་ལྟད་མོ་བར་སྤྱན་འབུལ་ཞུ་བ།
      

    ཕྱོགས་བསྡུས་གསར་འགྱུར།