འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དང་པོའི་བོད་ལྗོངས་ཚ་ཚའི་སྒྱུ་རྩལ་འགྲེམས་སྟོན་ལྷ་སར་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་16ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    རྒྱལ་བ་མི་འཁྲུགས་པའི་ཚ་ཚ།
    རྒྱལ་བ་མི་འཁྲུགས་པའི་ཚ་ཚ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་8ཚེས14ཉིན། བྱེ་སྤུངས་མཆོད་རྟེན་ཞེས་པའི་སྐབས་དང་པོའི་བོད་ལྗོངས་ཚ་ཚའི་སྒྱུ་རྩལ་འགྲེམས་སྟོན་ལྷ་སར་སྤེལ་བ་དང་།  འགྲེམས་སྟོན་ཐོག་ཚ་ཚ་300ལྷག་ཙམ་འགྲེམས་སྟོན་བྱས་ཡོད།  ཚ་ཚ་ནི་འདམ་ལས་བཟོས་པའི་སྐུ་འདྲའམ་མཆོད་རྟེན་ཆུང་ཆུང་སོགས་ཡིན་པ་དང་ཚ་ཚའི་རིགས་ལ་དབྱེ་ན།  འདམ་གྱི་ཚ་ཚ་དང་རྫ་ཡི་ཚ་ཚ།  རས་ཀྱི་ཚ་ཚ།  རུས་པའི་ཚ་ཚ་སོགས་ཡོད།  ཚ་ཚའི་བཟོ་དབྱིབས་ལ་སྒོར་སྒོར་དང་གྲུ་བཞི།  མཆོད་རྟེན།  སངས་རྒྱས་ཀྱི་སྐུ་འདྲ་སོགས་ཡོད་པ་དང་སྤྱིར་ཚ་ཚའི་ཆེ་ཆུང་ལ་མཐོ་ཚད་ལི་སྨིད་3ནས་10བར་ཡོད།  བོད་དུ་དར་སྔ་ཤོས་ཀྱི་ཚ་ཚ་ནི་སྤྱི་ལོའི་དུས་རབས་11པའི་ནང་ཡིན་པ་དང་། དེ་ཡང་བསྟན་པ་ཕྱི་དར་སྐབས་སུ་རྒྱ་གར་གྱི་མཁས་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡིས་བོད་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་དུས་སྐབས་ཡིན་པ་རེད། ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།
    རྫ་ལས་བཟོས་པའི་ཚ་ཚའི་མཆོད་རྟེན།
    རྫ་ལས་བཟོས་པའི་ཚ་ཚའི་མཆོད་རྟེན།
    ལྟད་མོ་བས་ཚ་ཚས་བཟོས་པའི་སྐུ་འདྲ་པར་རྒྱག་པ།
    ལྟད་མོ་བས་ཚ་ཚས་བཟོས་པའི་སྐུ་འདྲ་པར་རྒྱག་པ།
    ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཚ་ཚ་སྣ་ཚོགས་ལ་གཟིགས་བཞིན་པ།
    ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཚ་ཚ་སྣ་ཚོགས་ལ་གཟིགས་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།