འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་དར་རྩེ་མདོ་རུ་བོད་མི་རིགས་ཀྱི་ལག་བཟོའི་སྒྱུ་རྩལ་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་11ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སི་ཁྲོན་ཞིང་ཆེན་དར་རྩེ་མདོ་རུ་བོད་མི་རིགས་ཀྱི་ལག་བཟོའི་སྒྱུ་རྩལ་འགྲེམས་སྟོན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་9ཉིན་ནས་ཚེས་11ཉིན་བར་དུ་སི་ཁྲོན་ཞིང་ཆེན་དར་རྩེ་མདོ་རུ་བོད་མི་རིགས་ཀྱི་ལག་བཟོའི་སྒྱུ་རྩལ་འགྲེམས་སྟོན་བྱས་པ་རེད། འགྲེམས་སྟོན་བྱ་ཡུལ་དངོས་ཀྱི་ རྒྱ་ཁྱོན་ཧ་ལམ་སྨི་གྲུ་བཞི་མ་700ལྷག་ཡོད་པར་རིགས་འདྲ་མིན་300ལྷག་གི་སྒྱུ་རྩལ་དངོས་རྫས་1100ལྷག་བཀྲམ་ཡོད་པ་དང་། འགྲེམས་སྟོན་དུ་ཞུགས་པའི་ཁེ་ལས་ཚང་མ་སི་ཁྲོན་ཞིང་ཆེན་དཀར་མཛེས་ས་ཁུལ་རང་ཡུལ་ནས་རེད།
         ལག་བཟོའི་སྒྱུ་རྩལ་འགྲེམས་སྟོན་བྱ་ཡུལ་དངོས་སུ་མཛེས་ཤིང་ཡིད་དུ་འོང་བའི་བོད་མི་རིགས་ཀྱི་རྒྱན་གོས་དང་རྒྱན་ཆ་སོགས་བཀྲམ་ཡོད་པ་མ་ཟད། ཁྱད་ཆོས་དམིགས་བསལ་ལྡན་པའི་ཐང་གའི་རིག་གནས་དང་ལྕགས་རིགས་ཀྱི་ལག་བཟོའི་སྒྱུ་རྩལ་ཐོན་རྫས་སོགས་ཀྱང་བཀྲམ་ཡོད་པ་རེད། དེ་ཚོའི་ཁྲོད་ཀྱི་སྨན་འདམ་ཞལ་འབག་ནི་ཚོན་མདངས་བཀྲ་ཞིང་བཟོ་རྩལ་ཞིབ་ལ་སྤུས་ཀ་ལེགས་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】
    ༄༅།།སི་ཁྲོན་ཞིང་ཆེན་དར་རྩེ་མདོ་རུ་བོད་མི་རིགས་ཀྱི་ལག་བཟོའི་སྒྱུ་རྩལ་འགྲེམས་སྟོན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།