འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།སྲིད་ཇུས་ཀྱིས་གྲོང་གསེབ་ལ་གཟིགས་སྐྱོང་གནང་བ་དང་“འོང་སྐོར་”གྱིས་ལོ་ལེགས་
    ཡོང་བའི་གསོལ་བ་འདེབས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་12ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སྲིད་ཇུས་ཀྱིས་གྲོང་གསེབ་ལ་གཟིགས་སྐྱོང་གནང་བ་དང་“འོང་སྐོར་”གྱིས་ལོ་ལེགས་
ཡོང་བའི་གསོལ་བ་འདེབས།
         མི་དམངས་དྲ་བའི་འཕྲིན། ལོ་ལྟར་འོང་སྐོར་ཆོ་ག་ནི་ཕལ་ཆེར་བོད་ཟླ་5པ་དང་6པའི་བར་ནས་སྨིན་གྲབས་ཡོད་པའི་དུས་སུ་སྤེལ་གྱི་ཡོད། འོང་སྐོར་དང་དམངས་སྲོལ་འདྲ་མིན་གྱི་བྱེད་སྒོ་ལས་གྲུབ་པའི་འོང་སྐོར་དུས་ཆེན་ནི་བོད་ལྗོངས་ཀྱི་ལྷ་ས་དང་། གཞིས་ཀ་རྩེ། ལྷོ་ཁ་སོགས་ཀྱི་ས་ཁུལ་དང་གྲོང་ཁྱེར་ལ་དར་བཞིན་ཡོད་ཅིང་། དེ་ནི་བོད་ལྗོངས་ཀྱི་ཞིང་པ་ཚོས་ཆར་ཆུ་དུས་སུ་འབབ་པ་དང་། འབྲུ་རིགས་སྣ་ལྔ་ལོ་ལེགས་འབྱུང་བར་གསོལ་བ་འདེབས་པའི་དུས་ཆེན་གལ་ཆེན་ཞིག་རེད།
         བོད་ལྗོངས་ཀྱི་ས་ཁུལ་སོ་སོའི་ས་བབ་མཐོ་དམན་མི་འདྲ་ལ། གནམ་གཤིས་ཀྱང་འདྲ་མིན་ཡིན་པས། ནས་འབྲུ་སྨིན་པའི་དུས་ཀྱང་གཅིག་མཚུངས་མིན་པས། འོང་སྐོར་དུས་ཆེན་གྱི་དུས་ཚོད་ནི་གྲོང་ཚོ་སོ་སོས་ས་གནས་དེ་གའི་འབྲུ་རིགས་སྨིན་དུས་ལ་གཞིགས་ནས་གཏན་འཁེལ་བྱེད་ཀྱི་ཡོད། 
         ལམ་འགྲམ་དང་སྲང་ལམ་དུ་ཁྱིམ་ཚང་སོ་སོས་སྔ་མོ་ནས་བསང་གཏོང་འགོ་བརྩམས་པ་དང་། འོང་ཁ་སྐོར་བའི་རུ་ཁག་ལམ་ཁར་ཁྱིམ་དུད་རེ་རེ་བརྒྱུད་སྐབས་ཁྱིམ་ཚང་དེའི་ཕོ་མོ་རྒན་གཞོན་ཚང་མ་སྒོ་འགྲམ་དུ་ལངས་ནས་འཛུམ་མདངས་རྒྱས་པའི་ངང་ནས་འོང་སྐོར་རུ་ཁག་ལ་ལག་པ་གཡུགས་གཡུགས་བྱེད་པ་དང་སྦྲགས་བཀྲ་ཤིས་རྟེན་འབྲེལ་གྱི་སྨོན་ཚིག་སྒྲོག་པ་དང་བསོད་ནམས་གསོག་གི་ཡོད། འོང་སྐོར་དང་གསོལ་འདེབས་མཛད་སྒོ་མཇུག་བསྒྲིལ་རྗེས། རིག་རྩལ་འཁྲབ་སྟོན་དང་རོལ་རྩེད་བྱེད་སྒོ་རྒྱུན་མཐུདངང་ཉིན་2སྤེལ་ལ། མི་དམངས་བཀྲ་ཤིས་པ་དང་བདེ་སྐྱིད་ལྡན་པའི་ངང་ནས་ལོ་ལེགས་སྟོན་སྡུད་ལ་སྔོན་བསུ་བྱེད་ཀྱི་ཡོད་པ་རེད། 
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།སྲིད་ཇུས་ཀྱིས་གྲོང་གསེབ་ལ་གཟིགས་སྐྱོང་གནང་བ་དང་“འོང་སྐོར་”གྱིས་ལོ་ལེགས་
ཡོང་བའི་གསོལ་བ་འདེབས།
      

    ཕྱོགས་བསྡུས་གསར་འགྱུར།