འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་》དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་མཐོ་རིམ་
    དཔོན་རིགས་ཀྱི་ཚོགས་འདུ་ཐེངས་བཅུ་གསུམ་པ་ཀྲུང་གོའི་མན་ཀྲོའུ་ལི་རུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་18ཉིན། 09:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་15ཉིན་ནས་ཚེས་16ཉིན་བར་ཀྲུང་གོ་དང་ཨེ་ཤེ་ཡའི་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ནང་སོག་གི་མན་ཀྲོའུ་ལི་གྲོང་ཁྱེར་དུ་《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་》དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་མཐོ་རིམ་དཔོན་རིགས་ཀྱི་ཚོགས་འདུ་ཐེངས་བཅུ་གསུམ་པ་དང་མཉམ་སྦྲེལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་འཚོགས་པ་རེད།
         ད་རེས་ཀྱི་ཚོགས་འདུ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའི་པུའུ་ཀྲང་གི་ཚོགས་འདུ་འཚོགས་རྗེས་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཚོགས་འདུ་མ་འཚོགས་གོང་ཚོགས་པ་རེད། ཚོགས་ཞུགས་ཕྱོགས་ཁག་གིས་《བསྒྲགས་གཏམ་》ཕྱོགས་ཡོངས་ནས་དོན་འཁྱོལ་ནུས་ལྡན་བྱ་རྒྱུ་དང་དེ་བཞིན“ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞི”ཡི་སྐོར་གྲོས་མོལ་བྱ་རྒྱུ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་གཏིང་ཟབ་བྱས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།
         ཕྱོགས་ཁག་གིས་《<བསྒྲགས་གཏམ>ཕྱོགས་ཡོངས་ནས་དོན་འཁྱོལ་ནུས་ལྡན་བྱ་རྒྱུའི་སྐོར་གྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའི་པུའུ་ཀྲང་གི་མཉམ་འབྲེལ་གསལ་བསྒྲགས་》མཛུབ་སྟོན་དུ་བྱས་ཏེ་《བསྒྲགས་གཏམ་》མུ་མཐུད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་དང་། མུ་མཐུད་གྲོས་མོལ་བྱས་པ་བརྒྱུད་རྩོད་རྙོག་ཞི་བའི་ཐོག་ནས་ཐག་གཅོད་བྱ་རྒྱུའི་སྐོར་བསྐྱར་བསྒྲགས་བྱ་རྒྱུ། ས་ཁུལ་གྱི་ལམ་སྲོལ་སྒྲོམ་གཞིར་བརྟེན་ནས་ཕྱོགས་འགལ་རིགས་ལ་མུ་མཐུད་དོ་དམ་དང་ཚོད་འཛིན་བྱ་རྒྱུ། མཚོ་ཐོག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ། “ཚད་གཞི”ལ་གྲོས་མོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། ལྷོ་རྒྱ་མཚོའི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་ཐུབ་རྒྱུ་བཅས་ཀྱི་རྣམ་འགྱུར་བསྟན་པ་རེད། ཚོགས་འདུའི་ཐོག“ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མཚོ་ཐོག་གི་ཛ་དྲག་དོན་རྐྱེན་ལ་ཁ་གཏད་འཇོག་རྒྱུའི་ཕྱི་འབྲེལ་མཐོ་རིམ་དཔོན་རིགས་ཀྱི་ཐད་སྦྲེལ་ལས་སྟེགས་ཀྱི་མཛུབ་སྟོན་བྱེད་ཕྱོགས”དང“ལྷོ་རྒྱ་མཚོར་《མཚོ་ཐོག་གི་རྒྱུན་འགལ་ཐུག་འཕྲད་སྒྲིག་སྲོལ་》སྤྱོད་རྒྱུའི་སྐོར་གྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མཉམ་སྦྲེལ་གསལ་བསྒྲགས”ཞེས་པའི་གྲུབ་འབྲས་རང་བཞིན་གྱི་ཡིག་ཆ་གཉིས་ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་ཡོད། གྲུབ་འབྲས་དེ་ཟླ་བ་དགུ་པའི་ཟླ་སྟོད་དུ་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཚོགས་འདུར་ཁྱབ་བསྒྲགས་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་ཡོད། ཕྱོགས་ཁག་གིས་ད་དུང་མཚོ་ཐོག་གི་མཉམ་ལས་ལམ་སྲོལ་འཛུགས་སྐྲུན་ལ་ཇི་ལྟར་བྱས་ནས་ཤུགས་སྣོན་རྒྱག་རྒྱུ་དང་། འགོག་རྐྱེན་མི་འཕྲད་པའི་གནས་ཚུལ་འོག“ཚད་གཞི”ལག་བསྟར་བྱ་རྒྱུ། “རེ་འདུན་བཞི”གྲོས་མོལ་བྱ་རྒྱུ་སོགས་ཀྱི་སྐོར་གྱི་བསམ་འཆར་བརྗེ་རེས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།