འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཐད་དམིགས་ཚད་
    ཆེན་པོ་ལྔ་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་18ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་《མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》བཏོན་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། མཁོ་སྤྲོད་དོ་མཉམ་མེད་པའི་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་ཐག་གཅོད་བྱས་ཐོག་མཁོ་སྤྲོད་མ་ལག་གི་སྤུས་ཚད་དང་ལས་ཆོད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། དེའི་ནང་ཐོན་ནུས་འཕྲི་བའི་ཐད་ཀན་སུའུ་ཡིས་2020ལོའི་ལོ་མཇུག་གོང་རྗེས་ལུས་ཀྱི་རྡོ་སོལ་ཐོན་ནུས་ཏུན་ཁྲི་991ཉུང་དུ་གཏོང་རྒྱུ་ཡིན་པ་རེད།
         མིག་སྔར། ཀན་སུའུ་ཞིང་ཆེན་རང་འགུལ་ངང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་མཐུན་པར་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས་《བསམ་འཆར་》ནང་ཀན་སུའུ་ཞིང་ཆེན་གྱིས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་། སྒྱུར་བཅོས་ལ་བརྟེན་ནས་སྐུལ་སྤེལ་མཐའ་འཁྱོངས་བྱེད་པ། འཛད་སྤྱོད་ལ་བརྟེན་ནས་སྐུལ་ཁྲིད་ལ་སྐུལ་མ་གཏོང་བ། སྒོ་དབྱེར་བརྟེན་ནས་སྐུལ་འདེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་དགོས་ཚུལ་བཏོན་པ་རེད།
         《བསམ་འཆར་》ནང་དམིགས་ཚད་ཆེན་པོ་ལྔ་གསལ་བཟོ་བྱས་པ་དང་། ཐོན་ནུས་འཕྲི་བའི་ཐད་ཐོན་ནུས་འདྲེ་བ་དང་གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”ཐོན་ནུས་འཕྲི་བའི་དམིགས་ཚད་ལེགས་གྲུབ་བྱ་རྒྱུ་རེད། 2020ལོའི་ལོ་མཇུག་ཏུ་ཁྲོ་ལྕགས་ཐོན་ནུས་ཏུན་ཁྲི་160 དང་ངར་ལྕགས་ཐོན་ནུས་ཏུན་ཁྲི་174ཉུང་དུ་གཏོང་རྒྱུ་དང་། རྗེས་ལུས་ཀྱི་རྡོ་སོལ་ཐོན་ནུས་ཏུན་ཁྲི་991ཙམ་ཉུང་དུ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག་ཨར་འདམ་དང་གློག་བརྟེན་ཧ་ཡང་དབྱེ་འབྱེད་སོགས་རྗེས་ལུས་ཀྱི་ཐོན་ནུས་ལྷག་མ་མེད་པར་བཟོ་བའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།