འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ལེང་ཀྲེན་དབྱིང་གིས་ཤང་ཀང་བ་ཚང་མས་ངེས་པར་དུ་རྒྱལ་ཁབ་ཀྱི་བདེ་འཇགས་
    སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་18ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན་སྐབས་དྲུག་པའི“ཤང་ཀང་སློབ་ཆེན་སློབ་མའི་དམག་དོན་འཚོ་བ་ཉམས་ལེན་དམག་སྒར”གྱི་སློབ་མཇུག་འགྲིལ་བའི་མཛད་སྒོ་ཤང་ཀང་ཤིན་ཝུའེ་དམག་སྒར་དུ་འཚོགས་ཤིང་། དམིགས་བསལ་ཁུལ་གྱི་སྲིད་འཛིན་དཔོན་ལེང་ཀྲེན་དབྱིང་ཉིན་དེ་རང་གི་སློབ་མཇུག་འགྲིལ་བའི་མཛད་སྒོར་ཞུགས་སྐབས་ཤང་ཀང་བ་ཚང་མས་ངེས་པར་དུ་རྒྱལ་ཁབ་ཀྱི་བདག་དབང་དང་། མངའ་ཁོངས་ཆ་ཚང་། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་ལ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
         སྐད་གསང་མཐོན་པོའི་དམག་གླུ་དང་། གསོན་ཉམས་དོད་པའི་སྟངས་སྟབས། རྔམ་བརྗིད་ཆེ་བའི་དམག་སྦྱོང་། ལུས་རྩལ་ཐང་དུ་ཤང་ཀང་གི་སློབ་ཆེན་སློབ་མ་ཚོས་ཉི་འོད་འོག་དཀའ་བ་དུ་མ་སྤྱད་ནས་ལང་ཚོའི་ཉམས་ལེན་གཞན་དང་མི་འདྲ་བ་ཞིག་བྱས་པ་རེད། སློབ་མཇུག་འགྲིལ་བའི་མཛད་སྒོའི་ཐོག་ཤང་ཀང་གི་སློབ་ཆེན་བཅུ་ལྷག་ཙམ་ནས་ཡོང་བའི་སྙིང་སྟོབས་ཆེ་བའི་སློབ་མ་80ཡིས་སྙན་ཞུའི་འཁྲབ་སྟོན་བྱེད་རིང་དེར་ཕེབས་པའི་སྐུ་མགྲོན་དང་ཁྱིམ་བདག་རྣམ་པར་ཉིན་13རིང་གི་སྒར་ཞུགས་སྦྱོང་བརྡར་བྱས་པའི་འབྲས་བུ་བསྟན་པ་རེད།
         ཉིན་13དམག་སྒར་དུ་འཚོ་བ་བསྐྱལ་བ་བརྒྱུད། སློབ་ཕྲུག་ཚོའི་སྐྱ་མདོག་གི་གདོང་མདངས་ཉམས་ནས་ནག་ནོག་ཏུ་གྱུར་པ་ལས་དཔའ་ངར་དང་བློ་སྟོབས་རབ་ཏུ་མངོན།
         སློབ་མ་ཁྲེའུ་ལང་ཧྲན་གྱིས་གསར་འགོད་པར་ཉམས་ལེན་སྒར་སར་སྐྱོད་རིང་རྣམ་ཀུན་འཚོ་བའི་ནང་འབྱུང་མི་སྲིད་པའི་མྱོང་བ་མང་པོ་ཞིག་བྱུང་བ་དཔེར་ན། ཨང་ཁྲོན་ཀྲོའུ་དམག་སྒར་དུ་བཅར་འདྲི་བྱས་པ་དང་། དམག་གྲུ་བསྡད་ནས་ཝའེ་གྲུ་ཁར་ལྟ་སྐོར་བྱས་པ། དེ་བཞིན་ཆིང་ཧྲན་ཚ་ཁ་བལྟ་སར་བསྐྱོད་ནས་མེ་མདའ་བརྒྱབ་པར་བལྟས་པ་སོགས་རེད།
         ལེང་ཀྲེན་དབྱིང་གིས་ཤིས་ཚིག་གསུངས་སྐབས་རྒྱལ་ཁབ་དང་རྒྱལ་དམངས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན། རྒྱལ་ཁབ་ཇི་ཙམ་སྟོབས་ཆེ་བར་གྱུར་ན་རྒྱལ་དམངས་ཀྱི་བདེ་འཇགས་དང་ཁེ་ཕན་དེ་ཙམ་གྱིས་འགན་ལེན་ཐུབ་པ་དང་རྒྱལ་སྤྱིའི་ཁྲོད་ཀྱི་རྒྱལ་དམངས་ཀྱི་གནས་བབ་དེ་ཙམ་གྱིས་མཐོ་རུ་འགྲོ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཁོང་གིས་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་ཡར་ཐོན་ནི་ཤང་ཀང་དར་རྒྱས་གོང་འཕེལ་གྱི་སྔོན་འགྲོའི་ཆ་རྐྱེན་ཆེ་ཤོས་ཤིག་དང་ཤང་ཀང་གི་གཞོན་སྐྱེས་ཚོའི་མ་འོངས་པའི་བྱ་གཞག་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཆེ་ཤོས་ཤིག་རེད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཀྱི་ཤང་ཀང་བའི་གནས་བབ་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་ཆེ་ཤོས་ཤིག་ཀྱང་རེད། དེས་ན། རྒྱལ་ཁབ་ཀྱི་ཁེ་ཕན་དང་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་ཤང་ཀང་བ་ཚང་མས་ངེས་པར་དུ་རྒྱལ་ཁབ་ཀྱི་བདག་དབང་དང་། མངའ་ཁོངས་ཆ་ཚང་། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་ལ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།