འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཚ་ཚའི་སྒྱུ་རྩལ་འགྲེམས་སྟོན་སྐབས་དང་པོར་ཚ་ཚ་300ལྷག་ཙམ་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་18ཉིན། 09:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་དག་ཞིང་སྒྱུ་རྩལ་བར་ཁམས་དང་ལྷ་ས་དབྱི་པོ་དབྱང་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སིས་གཙོ་འགན་འཁུར་བའི“བྱེ་རྡུལ་བརྩེགས་པས་མཆོད་རྟེན་བྱུང”ཞེས་པའི་བོད་ཀྱི་ཚ་ཚའི་སྒྱུ་རྩལ་འགྲེམས་སྟོན་སྐབས་དང་པོ་བར་སྐོར་དུ་གཉེར་བ་དང་ཚ་ཚ་300ལྷག་ཙམ་འགྲེམས་སྟོན་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཚ་ཚ་300ལྷག་ཙམ་དེ་དག་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མཛེས་རིག་དགེ་རྒན་ཀྲང་དབྱིན་གྱིས་ལོ་མང་ཉར་ཚགས་བྱས་པའི་དངོས་རྫས་ཆིག་སྟོང་ལྷག་ཙམ་གྱི་ཁྲོད་ནས་ལེགས་འདེམས་བྱས་པ་ཤ་སྟག་རེད། འགྲེམས་སྟོན་བྱས་པའི་ཚ་ཚ་དག་ལྷ་ས་དང་། མངའ་རིས། གཞིས་རྩེ། ལྷོ་ཁ་སོགས་ནས་ཐོན་པ་དང་རིགས་མང་ཆེ་བ་འཇིམ་གྱི་ཚ་ཚ་དང་རྫའི་ཚ་ཚ་ཡིན་ཞིང་། གཞན་ཡང་འགྲེམས་ཁང་ནང་ཆེས་མིག་མདུན་དུ་མངོན་པ་དང་ཁེར་རྐྱང་དུ་བཞག་པའི“ཚོགས་བདག་གླང་སྣའི”འཇིམ་གྱི་ཚ་ཚས་ཀུན་གྱིས་མིག་དབང་ཅིག་ཅར་དུ་འཕྲོགས། ཤེས་རྟོགས་བྱུང་བར་གཞིགས་ན། ཚ་ཚ་དེ་རྗེ་ཙོང་ཁ་པ་ཆེན་པོས་བཞེངས་པ་ཞིག་ཡིན་པ་དང་། “ཚ་ཚ་དེར་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཤོད་སྲོལ་ལ་རྒྱ་གར་ཆོས་ལུགས་ཀྱི་ལྷ་དབང་ཕྱུག་གི་བུ་དང་ཧ་ལམ་དུས་རབས་14དང་15ཡི་སྐབས་བོད་དུ་དར་ཁྱབ་བྱུང་བ་ཞིག་རེད། སྐབས་དེ་དུས་རྗེ་ཙོང་ཁ་པ་ཆེན་པོས་དགེ་ལུགས་པ་སྲོལ་བཏོད་གནང་སྟེ་ཚ་ཚ་དེ་བཞེངས་གནང་བ་རེད། ཕྱིར་ཚོགས་བདག་གླང་སྣ་བརྐོས་རུང་དེའི་ནང་ངོ་མཚར་ཆེ་བའི་ཕྲེང་བ་ཡོད་པས་སྤྱིར་བཏང་གི་ཚ་ཚ་དང་འདྲ་གི་མེད”ཅེས་བོད་ལྗོངས་རི་མོ་ཁང་གི་སྒྱུ་རྩལ་བློ་འདྲི་བ་དང་། བོད་ལྗོངས་མཛེས་རིག་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མཛེས་རིག་དགེ་རྒན་བཅས་ཡིན་པའི་ཡུས་ཡིའུ་ཤིན་གྱིས་བཤད།
         ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཚ་ཚ་འགྲེམས་སྟོན་བྱེད་རིང་། ཚ་ཚ་ཆེ་ཆུང་མི་འདྲ་བའི་དབང་གིས་ཁོང་ཚོས་དབྱེ་བ་ཕྱེ་ཁག་པོ་ཡོད་མོད། འོན་ཀྱང་ཀྲང་དབྱིན་གྱིས་བལྟས་པ་ཙམ་གྱིས་དབྱེ་བ་འབྱེད་ཐུབ་ཀྱི་ཡོད། “ཚ་ཚ་ངའི་འཚོ་བ་དང་ཁ་འབྲལ་ཐབས་མེད”ཅེས་ཀྲང་དབྱིན་གྱིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།