འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་ཚན་བདུན་གྱིས་གཏན་འབེབས་གསར་པ་བཏོན་ནས་ས་ཁང་བདག་ཁོངས་མཚམས་སྦྱོར་
    དོ་དམ་ལ་ཤུགས་སྣོན་རྒྱག་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་18ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ལམ་ལོ་ཤས་རིང་ཉིས་བརྒྱུད་ཁང་པའི་ཁྲོམ་ར་དང་ཁང་པ་བོགས་གཏོང་ཁྲོམ་ར་འཁྲུག་ཏུ་ཕྱིན་པ་དང་བསྟུན་ནས་ས་ཁང་བདག་ཁོངས་ཀྱི་མཚམས་སྦྱོར་ལས་རིགས་ཀྱང་འཕེལ་རྒྱས་མྱུར་པོ་ཕྱིན་ནས་ཁྲོམ་ར་འཁྲུག་ཏུ་གཏོང་བ་དང་ཉོ་ཚོང་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་པ་རེད། ཡིན་ནའང་མིག་སྔར་མཚམས་སྦྱོར་ཁྲོམ་རར་ཁང་པ་ཉོ་ཚོང་གི་བརྡ་ཁྱབ་རྫུས་མ་འགྲེམས་སྤེལ་བྱེད་པ་དང་། གནས་ཚུལ་ངོ་མ་སྦ་གསང་གི་ཆ་འཕྲིན་འགྲེམས་བསྒྲགས་བྱེད་པ། བཙན་ཤེད་ངང་གྲོན་དངུལ་ཚབ་བསྡུ་བྱེད་པ། ཉོ་ཚོང་མ་དངུལ་བཙན་བཟུང་དང་གཞན་སྤྱོད་བྱེད་པ། སྒྲིག་འགལ་ངང་དངུལ་རྩའི་ལས་སྒོ་གཉེར་བ། ཁང་རིན་སྤོར་བའི་ཆ་འཕྲིན་རྫུས་མ་བཟོས་ནས་འགྲེམས་བསྒྲགས་བྱེད་པ་སོགས་ཀྱི་གནད་དོན་མང་པོ་གནས་ཡོད་པ་རེད།
         གནད་དོན་དེ་དག་ལ་དམིགས་ནས་སྡོད་ཁང་འཛུགས་སྐྲུན་པུའུ་དང་། འཕེལ་སྒྱུར་ཨུ་ལྷན། ཆ་འཕྲིན་པུའུ། མི་དམངས་དངུལ་ཁང་། ཁྲལ་དོན་སྤྱི་ཁྱབ་ཅུས། བཟོ་ཚོང་སྤྱི་ཁྱབ་ཅུས། དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ལྷན་སོགས་སྡེ་ཚན་བདུན་གྱིས་ཉེ་ཆར་མཉམ་འབྲེལ་ཐོག་《ས་ཁང་བདག་ཁོངས་མཚམས་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་ནས་མཚམས་སྦྱོར་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ལས་རིགས་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། མཚམས་སྦྱོར་ཁྲོམ་རར་ལྟ་སྐུལ་དོ་དམ་བྱ་རྒྱུ་ཤུགས་སྣོན་རྒྱག་པ་བཅས་ཕྱོགས་གསུམ་གྱི་ཐད་སྲིད་ཇུས་བྱ་ཐབས་ཁག་16བཏོན་ཏེ་ས་ཁང་བདག་ཁོངས་མཚམས་སྦྱོར་ཁྲོམ་རའི་སྒྲིག་ལམ་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་ཐོག་མང་ཚོགས་ཚོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུའི་བརྩོན་ལེན་བྱས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།