འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ནག་ཆུ་ས་ཁུལ་གྱི་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་གཏོང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་11ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ནག་ཆུ་ས་ཁུལ་གྱི་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་གཏོང་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་10ཉིན་"ངོ་མཚར་གྱི་བྱང་ཐང་•མཛེས་སྡུག་གི་ནག་ཆུ་"ཞེས་པ་བརྗོད་བྱ་གཙོ་བོ་བྱེད་པའི་2016ལོའི་བོད་ལྗོངས་ནག་ཆུ་ས་ཁུལ་གྱི་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་ནག་ཆུའི་གེ་སར་རྟ་རྒྱུག་ཐང་དུ་གཏོང་འགོ་བརྩམས་པ་རེད། 
         ཐེངས་འདིའི་རྟ་རྒྱུག་དུས་ཆེན་གྱི་དུས་ཡུན་ནི་ཉིན་4ཡིན་ཞིང་། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་དང་། ར་བའི་ནང་གི་རྟ་རྒྱུག རྟ་ཐོག་ནས་ཁ་བཏགས་སྒྲུག་པ། རྟ་ཐོག་ནས་མདའ་འཕེན་པ། འགྲོས་མ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་ཡོད་པ་རེད།
         པར་རིས་འདི་ནི་ཞིང་འབྲོག་མང་ཚོགས་ཀྱིས་འགོ་ཚུགས་མཛད་སྒོའི་སྟེང་དུ་རྟ་རྒྱུག་བྱེད་བཞིན་པ།
    【1】  【2】  【3】  【4】
    ༄༅།།བོད་ལྗོངས་ནག་ཆུ་ས་ཁུལ་གྱི་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་གཏོང་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།