འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་གྱིས་བྱ་ཐབས་སྣ་མང་སྤྱད་ནས་སྤྱི་མིན་དཔལ་འབྱོར་འཕེལ་རྒྱས་ལ་
    སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་08ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ལྷ་ས་གྲོང་ཁྱེར་གྱིས་བྱ་ཐབས་སྣ་མང་སྤྱད་ནས་སྤྱི་མིན་དཔལ་འབྱོར་འཕེལ་རྒྱས་ལ་
སྐུལ་འདེད་བཏང་བ།
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་རྩ་འཛུགས་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་གནད་དུ་བྱས་ནས། “བྱང་ཚད་མཐོར་གཏོང་དང་། ཞབས་ཞུ་འཕེལ་རྒྱས། གཟི་ལྡན་བྱ་གཞག གཞི་རིམ་འཛུགས་སྐྱོང”བཅས་ཀྱི་འདུ་འགོད་དམ་འཛིན་བྱ་གཞི་གཙོ་བོར་བཟུང་སྟེ། གྲོང་ཁྱེར་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་སྐྱོན་བྲལ་འཕེལ་རྒྱས་དང་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་མི་སྣ་སྐྱོན་བྲལ་འཚར་ལོངས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད། འདི་ལོའི་ཟླ་བདུན་པའི་ཟླ་མཇུག་བར་ལྷ་ས་གྲོང་ཁྱེར་དུ་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་ཁྲོམ་རའི་བྱེད་པོ་61217ཡོད་པ་དང་། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་2015.63ཟིན་པ། ལས་ཞུགས་ལས་གནས་ཁྲི་20.5མཁོ་འདོན་བཅས་བྱས་ཡོད། འདི་ནི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ཁེ་ལས་ལྷ་ས་སྟག་རྩེ་རྫོང་གངས་བདེ་དཔལ་འབྱོར་ཉོ་ཚོང་ཚད་ཡོད་ཀུང་སིའི་སྤོས་ཐོན་སྐྱེད་རྟེན་གཞིའི་ལས་མིས་སྤོས་ལ་ཐུམ་སྒྲིལ་རྒྱག་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།