འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་བྱང་ཐང་ནས་རྙེད་པའི་ཕུང་རུས་སྔོན་མ་ཨ་འགོག་ཁྲའོ་རོགས་དམག་འཐབ་
    ནང་ཞུགས་མྱོང་བ་དང་རིམ་པ་གཉིས་པའི་བྱས་རྗེས་འཇོག་མཁན་ཞིག་
    ཡིན་པའི་གཏན་འཁེལ་རགས་ཙམ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་08ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་1ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་མང་ཡཱ་སྲིད་འཛིན་ཨུ་ཡོན་ལྷན་ཁང་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། སི་ཁྲོན་ཞིང་ཆེན་པ་ཀྲུང་གྲོང་ཁྱེར་སྤྱི་བདེ་ཅུས་པཱ་ཀྲོའུ་ཆུས་ཡན་ལག་ཅུས་ཀྱིས་གཞོགས་འདེགས་བརྟག་དཔྱད་བྱས་པ་བརྒྱུད། ཉེ་ཆར་མཚོ་སྔོན་མང་ཡཱ་བྱེ་ཐང་ཆེ་མོ་ནས་རྙེད་པའི་ཕུང་རུས་དུས་རབས་གོང་མའི་ལོ་རབས་60ཡི་ནང་ཤིན་ཅང་རུའོ་ཆང་རྫོང་ནས་གར་སོང་ཆ་མེད་དུ་གྱུར་བ་དང་། དེ་སྔོན་ཨ་འགོག་ཁྲའོ་རོགས་དམག་འཐབ་ནང་ཞུགས་སྐབས་རྐང་པར་རྨས་སྐྱོན་ཕོག་པ་མ་ཟད། བྱས་རྗེས་རིམ་པ་གཉིས་པ་འཇོག་མྱོང་ཡོད་པའི་ལི་ཀྲུང་ཧྭ་ཞེས་པའི་ཕུང་རུས་ཡིན་པ་ཚོད་རྩིས་རགས་ཙམ་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་11ཚེས་29ཉིན་གྱི་དགོང་མོ་གོང་རིམ་ནས་བཀའ་རྒྱ་འབྱོར་རྗེས་པཱ་ཀྲོའུ་ཡན་ལག་ཅུས་ཀྱིས་ཆེད་དམིགས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་མཚན་གང་ལས་ཀ་བྱས་པ་དང་། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཚད་ཡོད་ཀྱི་རྨང་གཞིའི་ཆ་འཕྲིན་ལྟ་ཀློག་བྱས་པ་མ་ཟད། འདྲི་རྩད་དང་བརྟག་དཔྱད་བྱས་པ་དང་། མཚོ་སྔོན་ཉེན་རྟོག་ཕྱོགས་ནས་མཁོ་འདོན་བྱས་པའི་པར་དང་ཡི་གེའི་ནང་དོན་སོགས་ཚད་བརྒལ་བྱེད་སར་བྱས་པས་ཟླ་11ཚེས་30ཉིན་གྱི་ཕྱི་དྲོ་འདས་པོའི་གནས་ཚུལ་གཏན་འཁེལ་རགས་ཙམ་བྱུང་བ་རེད།
         པཱ་ཀྲུང་ཉེན་རྟོག་ཕྱོགས་ཀྱི་བརྟག་དཔྱད་ཀྱི་ཆ་འཕྲིན་ལས་མངོན་པར་གཞིགས་ན། ལི་ཀྲུང་ཧྭ། ཕོ། སི་ཁྲོན་ཞིང་ཆེན་པཱ་ཀྲུང་གྲོང་ཁྱེར་པཱ་ཀྲོའུ་ཆུས་ཝང་པེ་ཤང་གི་མི་ཡིན་པ་དང་། ཕ་ལི་ཁྲུང་ཧྲན་ཚེ་ལས་འདས་པ་དང་། ལི་ཀྲུང་ཧྭ་ཡི་བཟའ་ཟླ་ཏེང་ཆེ་གེ་མོ་འདི་ལོ་ལོ་88ལ་སླེབས་པ་དང་ཕྲུ་གུ་བུ་མོ་གཉིས་ཡོད། གཤིན་རྫས་ཡི་གེའི་ནང་འཁོད་པའི“ཏེང་ཀོང་ཞུའེ”ཞེས་པ་ཕལ་ཆེར་ལི་ཀྲུང་ཧྭ་དང་འབྲེལ་བ་ཡོད་པའམ་ཡང་ན་མིང་བསྒྱུར་བྱས་པ་ཞིག་ཡིན་ཤས་ཆེ། ཡི་གེའི་ནང་ད་དུང་དབྱི་ལུང་རྫོང་ཞེས་པ་འཁོད་ཡོད་པས་མི་དམངས་ཉེན་རྟོག་པས་དེ་གར་འདྲི་རྩད་བྱེད་པར་སྐྱོད་སྐབས་ལི་ཀྲུང་ཧྭ་ཡི་གཅེན་མོ་སྔ་ས་ནས་དབྱི་ལུང་རྫོང་དུ་མནའ་མར་སྟེར་བ་ཤེས་རྟོགས་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།