འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཆེན་གངས་རྒྱབ་ལ་ཐུར་ལྟ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་06ཉིན། 12:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨ་ཆེན་གངས་རྒྱབ་ལ་ཐུར་ལྟ་བྱེད་པ།
          མི་དམངས་དྲ་བའི་འཕྲིན། འདི་ནི་ཟླ་12ཚེས་1ཉིན་མཁའ་དབྱིངས་ནས་པར་དུ་བླངས་པའི་ཨ་ཆེན་གངས་རྒྱབ་ཀྱི་ས་དབྱིབས་ཡིན་པ། མཚོ་སྔོན་ཞིང་ཆེན་ཁོངས་ཨ་ཆེན་གངས་རྒྱབ་སྲུང་སྐྱོང་ཁུལ་ཏུ་མཚེའུ་མང་ལ། མཁའ་དབྱིངས་ནས་ཐུར་ལྟ་བྱས་ན་རིན་ཆེན་ནོར་བུ་སྣ་མང་ཡངས་ཤིང་རྒྱ་ཆེ་བའི་མི་མེད་ཐང་ཆེན་དུ་བཀྲམ་པ་བཞིན་སྣང་། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་མདོ་དབུས་མཐོ་སྒང་གི་ལྟེ་བར་གནས་ཤིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་4.5ཡོད་པ་དང་། རྒྱ་མཚོ་ངོས་ནས་མཐོ་ཚད་ཆ་སྙོམས་སུ་སྨི་4600ལས་བརྒལ་བས། རྒྱལ་ནང་དུ་རྒྱ་མཚོ་ངོས་ལས་ས་བབ་མཐོ་ཤོས་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གྲས་ཤིག་ཡིན་པ་དང་། མཐོ་སྒང་གི་རི་སྐྱེས་སྲོག་ཆགས་རིགས་230ལྷག་ཙམ་ཡོད་པས། "འཛམ་གླིང་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་ཀྱི་གཞི་རྒྱུའི་མཛོད་"ཅེས་མིང་དུ་གྲགས་པ་རེད།
    【1】  【2】  【3】
    ༄༅།།ཨ་ཆེན་གངས་རྒྱབ་ལ་ཐུར་ལྟ་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།