འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་དང་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་དྲིལ་
    བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་དང་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་དྲིལ་
བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་12ཚེས་4ཉིན་ནི་རང་རྒྱལ་གྱི་“རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་”ཐེངས་གསུམ་པ་ཡིན་ལ། “རྒྱལ་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་ཉིན་མོ་” ཐེངས་བཅུ་དྲུག་པའང་རེད། ཉིན་དེར། བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་། བོད་ལྗོངས་ཁྲིམས་འཛིན་ཐིན། བོད་ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་སྒྲིག་འཛུགས་བྱས་པའི་“འདུ་ཤེས་བཞི་འཛིན་ཤུགས་ཆེ་རུ་གཏོང་བ་དང་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གཏོང་བ་”ཞེས་པ་བརྗོད་བྱ་གཙོ་བོར་བྱེད་པའི་“12•4”རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི་“ཁྲིམས་ལུགས་དྲིལ་བསྒྲགས་ཁྲོམ་ལམ་དུ་ཁེངས་པ་”ཞེས་པའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་དུ་སྤེལ་བ་རེད། 
         ཐེངས་འདིའི་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྒོ་དེ་རྩ་ཁྲིམས་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན། བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས། རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་ཁྲིམས་སྲོལ། ཉེན་མེད་ཐོན་སྐྱེད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ། འཇིགས་སྐུལ་ལ་ངོ་རྒོལ་དང་སྔོན་འགོག་བྱ་རྒྱུའི་ཤེས་བྱ། དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་བྱ་ཐབས་ཁག་བཅས་ནང་དོན་གཙོ་བོར་བཟུང་ནས་རྩ་ཁྲིམས་ཀྱི་དགོངས་དོན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་དོན་དར་སྤེལ་ཤུགས་ཆེན་བཏང་སྟེ་སྤྱི་ཚོགས་ཡོངས་སུ་ཁྲིམས་ལུགས་སློབ་སྦྱོང་དང་། ཁྲིམས་ལུགས་ལ་བརྩི་སྲུང་། ཁྲིམས་ལུགས་བེད་སྤྱོད་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་བསྐྲུན་ཐོག་བོད་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱ་ཆེད་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་“12•4”རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི་དྲིལ་བསྒྲགས་ཀྱི་བྱེད་སྒོ་རབ་དང་རིམ་པ་དེ་ཟླ་བ་12པའི་ཟླ་དཀྱིལ་བར་དུ་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་ཞིང་། དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང་ལ། བོད་ལྗོངས་ཀྱི་ས་ཁུལ་(གྲོང་ཁྱེར་)ཁག་དང་ལས་ཁུངས་ཁག་གིས་ད་དུང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་ཨུ་(ཏང་ཙུའུ་)ཡིས་རིག་པའི་གཞུང་ལུགས་ཀྱི་ལྟེ་བའི་ཚོགས་ཆུང་གི་རྩ་ཁྲིམས་ཆེད་དོན་སློབ་སྦྱོང་སྤེལ་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རིམ་པ་ཁག་གི་ཁྲིམས་ལུགས་ཁྱབ་གདལ་སྒྲོག་འགྲེལ་ཚོགས་པས་རྩ་ཁྲིམས་སྒྲོག་འགྲེལ་བྱེད་དོན་སྒྲིག་འཛུགས་ནན་ཏན་བྱས་ནས་སྤྱི་ཚོགས་ཡོངས་སུ་བྱ་ཐབས་སྣ་མང་ཞིང་རང་རང་གི་ཁྱད་ཆོས་ལྡན་པའི་རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད། དེ་དང་དུས་མཚུངས་སུ་ས་ཁུལ་(གྲོང་ཁྱེར་)ཁག་གི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ད་དུང་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དམངས་བདེའི་ཉེན་རྟོག་ལས་དོན་ས་ཚིགས་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག དགོན་སྡེའི་དོ་དམ་ཨུ་ལྷན་བཅས་ཀྱི་འགན་ནུས་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དྲིལ་བསྒྲགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཡོངས་ཁྱབ་ཏུ་སྤེལ་ནས་དྲིལ་བསྒྲགས་བྱེར་སྒོར་འཕྲོ་ལུས་མེད་པར་བྱེད་རྒྱུའི་འགན་ལེན་ཏན་ཏིག་བྱ་རྒྱུ་རེད།
    ༄༅།།བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་དང་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་དྲིལ་
བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་བ།
    ༄༅།།བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་དང་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་དྲིལ་
བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་བ།
    ༄༅།།བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་དང་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་དྲིལ་
བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།