འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཟི་ལིང་གིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ཚུལ་མིན་སྤྱོད་ཚུལ་
    དང་རུལ་སུངས་ཀྱི་དཔེ་མཚོན་གནད་དོན་5བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་08ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་6ཉིན་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྒྲིག་ཨུད་ཀྱིས་ཉེ་ཆར་ཞིབ་བཤེར་རྩད་ཆོད་པའི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་དཔེ་མཚོན་གནད་དོན་5བརྡ་ཁྱབ་བཏང་བ་རེད།
         2013དང་2014ལོར་ཟི་ལིང་གྲོང་ཁྱེར་གྲོང་ཤར་ཆུས་ཡུན་ཅ་ཁོའུ་གྲོང་རྡལ་གྱི་དེ་སྔའི་ཀྲེན་ཀྲང་གཞོན་པ་ཧྲེན་ཝུན་ཆིས་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་གྱི་ལས་བགོས་འགན་འཁུར་གྱི་སྟབས་བདེ་སྤྱད་དེ་གཞན་ལ་རང་དགར་སྒྲིག་འགལ་གྱི་ཨར་སྐྲུན་བྱེད་དུ་བཅུག་ནས་གཞན་གྱི་རྒྱུ་དངོས་བསྡོམས་སྒོར་ཁྲི་11.5བླངས་པས་ཧྲེན་ཝུན་ཆིར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱ་རྒྱུའི་ཆད་པ་ཕོག་པ་དང་ཧྲེན་ཝུན་ཆིའི་ཁྲིམས་འགལ་གནད་དོན་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།
         སྟོང་སྐོར་རྫོང་ཧྲེན་ཀྲུང་ཤང་མོ་པུའུ་ལ་གྲོང་གསར་གྱི་དེ་སྔའི་རྩིས་པ་ཧོ་ཧྲེང་མིང་ལས་ཐོག་ཏུ་ཡོད་རིང་དུས་ཡུན་རིང་པོར་གྲོང་གསེབ་ཀྱི་བྱ་དགའི་རང་བཞིན་གྱི་སྡོད་ཁང་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཀྱི“སྡོད་ཁང་གཉིས”ཀྱི་ཁ་གསབ་མ་དངུལ་དང་དེ་བཞིན་གྲོང་མིས་རང་གྲབས་བྱས་པའི་ཁང་རིན་སྒོར་ཁྲི་9.5ལྷག་ཙམ་རང་དགར་བཟུང་སྤྱོད་བྱས་པས་ཧོ་ཧྲེང་མིང་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱ་རྒྱུའི་ཆད་པ་ཕོག་ཡོད།
         ཧོང་ཀྲུང་རྫོང་ཧྲང་ཝུའུ་ཀྲོང་གྲོང་རྡལ་པེ་ཀྲོང་གྲོང་ཚོའི་དེ་སྔའི་ཀྲི་པུའུ་ཧྲུའུ་ཅི་ལི་ཆི་ཀྲུང་གིས་ལས་འགན་འཁུར་རིང་། དུད་ཚང་21གི“སྡོད་ཁང་གཉིས”ཀྱི་ཁ་གསབ་མ་དངུལ་དེ་ལོ་དེ་གར་གསར་དུ་བསྐྲུན་པའི་ཁྱིམ་དུད་45ལ་ཆ་སྙོམས་བགོ་བཤའ་བརྒྱབ་པས་ལི་ཆི་ཀྲུང་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་ཡོད།
         2011ལོའི་ཟླ་4པར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཆིན་སྲན་ཤང་ཤིས་པེ་ཁྲ་གྲོང་ཚོར་གྲོང་ཚོའི་རྒན་རྒོན་གྱི་བྱེད་སྒོ་ཁང་བསྐྲུན་རྒྱུའི་གནད་དོན་ཐག་གཅོད་བྱ་ཆེད། ཏང་ཀྲི་པུའི་ཧྲུའུ་ཅི་ལི་ཁྲུན་སུན་གྱིས་གཏན་འབེབས་ཀྱི་ཆ་རྐྱེན་དང་མི་འཚམ་པའི་ངང་གྲོང་མི་ལི་ག་དབན་མ་མཐའི་འཚོ་བ་འགན་ལེན་དང་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་བྱ་ཡུལ་དུ་གཏན་འཁེལ་བྱས་ཏེ་ཁོང་ལ་ཁ་གསབ་མ་དངུལ་བསྡོམས་སྒོར་ཁྲི་1.96ལྷག་ཙམ་སྤྲད་པ་དང་། 2011ལོ་དང་2013ལོར་ལི་ཁྲུན་སུན་གྱིས་གྲོང་མིར་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཀྱི་ཁ་གསབ་མ་དངུལ་ལེན་པའི་ལས་དོན་སྒྲུབ་པའི་ཐད་སྔ་རྗེས་སུ་གྲོང་མིའི་རྒྱུ་དངོས་བསྡོམས་སྒོར་5000བླངས་པས་ལི་ཁྲུན་སུན་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་ཡོད།
         2011ལོ་ནས་2014ལོ་བར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཅི་ལེ་ཤང་ཧོའུ་ཀྲོང་གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་རྒྱུར་ཁ་གཡར་ནས་གྲོང་ཚོ་ཨུ་ལྷན་གཉིས་ཀྱིས་གྲོང་མི་ཉུང་ཤས་ཀྱི་མོས་མཐུན་ཐོབ་རྗེས་དེ་སྔའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧན་ཕུའུ་ལེང་གིས“སྡོད་ཁང་གཉིས”སྒྱུར་བཀོད་དུད་ཚང་ས་ནས“ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་འགྲོ་གྲོན”བསྡོམས་སྒོར་ཁྲི་14.5བླངས་པ་རེད། མ་དངུལ་དེ་དག་ལམ་ལུགས་བཞིན་གྲོང་ཚོའི་རྒྱུ་ནོར་ཤང་གིས་དོ་དམ་བྱེད་པའི་ཁོངས་སུ་མ་བཅུག་པར་གྲོང་ཚོ་ཨུ་ལྷན་གྱིས་རང་དགར་བེད་སྤྱད་པས་ཧན་ཕུའུ་ལེང་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།