འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་གི་སྲོལ་རྒྱུན་གསོ་བ་རིག་པའི་རྒྱལ་སྤྱིའི་འགྲེམས་ཚོགས་མོ་སི་ཁོར་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་08ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན་འཛམ་གླིང་གི་སྲོལ་རྒྱུན་གསོ་བ་རིག་པའི་རྒྱལ་སྤྱིའི་འགྲེམས་ཚོགས་མོ་སི་ཁོའི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་དང་། ཨུ་རུ་སུའི་གཞི་ཁྱོན་ཆེ་ཤོས་ཀྱི་རྒྱལ་སྤྱིའི་སྨན་བཅོས་འགྲེམས་ཚོགས་ལ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་20ལྷག་ནས་ཡོང་བའི་ཁེ་ལས་བརྒྱ་ལ་ཉེ་བ་ཞུགས་ཡོད།
         འགྲེམས་ཚོགས་ཀྱི་ཀྲུང་གོའི་འགྲེམས་ཁང་གཉེར་བའི་འགན་འཁུར་མཁན་ཚན་པ་ཨུ་རུ་སུའི་(མོ་སི་ཁོ)སྲོལ་རྒྱུན་གསོ་བ་རིག་པའི་ལག་ལེན་འཕེལ་རྒྱས་ལྟེ་གནས་ཀྱིས་ཀྲུང་གོའི་ཕུལ་བྱུང་ཁེ་ལས་དང་བྱ་གཞག་ཚན་པ་སྒྲིག་འཛུགས་བྱས་ནས་མཉམ་དུ་འགྲེམས་སྟོན་བྱས་པ་ཞིག་ཡིན་པས། ཕྱོགས་ཡོངས་ནས་ཀྲུང་གོའི་སྲོལ་རྒྱུན་གསོ་བ་རིག་པ་དང་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་ལོ་རྒྱུས་མངོན་པར་བྱས་ཡོད།
         འགྲེམས་ཚོགས་འགོ་ཚུགས་རྗེས་འཚོགས་པའི་འཛམ་གླིང་གི་སྲོལ་རྒྱུན་གསོ་བ་རིག་པའི་མ་ལག་གི་རྒྱལ་སྤྱིའི་གླེང་སྟེགས་སྐབས་གཉིས་པའི་ཐོག་ཨུ་རུ་སུ་དང་། ཀྲུང་གོ རྒྱ་གར་སོགས་ནས་ཡོང་བའི་འཐུས་མིས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་སྲོལ་རྒྱུན་གསོ་བ་རིག་པའི་བྱེད་ནུས་སྐོར་ལ་བགྲོ་གླེང་བྱས་པ་རེད།
         ཀྲུང་གོའི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུས་ཀྱི་རྒྱལ་སྤྱིའི་མཉམ་ལས་སིའི་སི་ཀྲང་ཝང་ཞའོ་ཕིན་གྱིས་ད་ཆ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དེ་རྒྱལ་ཁབ་དང་ས་ཁུལ་183ལ་ཁྱབ་ནས་ཀྲུང་གོ་དང་ཕྱི་རྒྱལ་སྲིད་གཞུང་དང་ས་ཁུལ་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་བཅས་དབར་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་མཉམ་ལས་གྲོས་མཐུན་86ལ་མིང་རྟགས་བཀོད་པ་དང་། ཀྲུང་གོ་སྲིད་གཞུང་གིས་ཕྱི་རྒྱལ་དུ་བཙུགས་པའི་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ལྟེ་གནས་10ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་མ་ཟད། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་ལ་ཕྱོགས་པའི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་རྟེན་གཞི་ཁག་གཅིག་བཙུགས་ནས་ཚད་གཞི་མཐོ་བའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་མཉམ་ལས་ལས་སྟེགས་ཤིག་བསྐྲུན་རྒྱུར་གོམ་པ་བརྟན་པོ་ཞིག་སྤོས་ཡོད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།