འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཉིང་ཁྲིའི་མི་དམངས་ཚོས་དགའ་སྤྲོའི་ངང་ལོ་གསར་པ་བསུ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་02ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ཉིང་ཁྲིའི་མི་དམངས་ཚོས་དགའ་སྤྲོའི་ངང་ལོ་གསར་པ་བསུ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་30ཉིན་ནི་བོད་ཟླ་10ཚེས་1ཡིན་ཞིང་། ཉིན་དེ་ནི་བོད་ལྗོངས་ཉིང་ཁྲིའི་ལོ་གསར་པ་བསུ་བའི་དུས་ཆེན་ཡིན་པ་དང་། མི་རྣམས་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་ལ་རོལ་བ་རེད།
         དེ་ཡང་བོད་ལྗོངས་ཀྱི་ནམ་ཟླ་དང་གནམ་གཤིས་ལ་ཁྱད་པར་ཡོད་པའི་རྐྱེན་གྱིས། དཔྱིད་ཀའི་རྨོ་འདེབས་དུས་ཚོད་མི་འདྲ་བ་དང་ལོ་གསར་གཏོང་དུས་ཀྱི་ལུགས་སྲོལ་ཀྱང་མི་འདྲ་བ་རེད། བོད་ལྗོངས་ཀྱི་ལོ་གསར་ལའང་ཀོང་པོའི་ལོ་གསར་དང་། མངའ་རིས་སྤུ་རངས་ལོ་གསར། གཞིས་རྩེའི་སོ་ནམ་ལོ་གསར་བཅས་ཡོད་པ་དང་། དེ་ལས་ཉིང་ཁྲི་ནི་བོད་ལྗོངས་ཁུལ་ཏུ་ལོ་གསར་གཏོང་བ་སྔ་ཤོས་ཀྱི་ས་ཆ་ཡིན་པ། དེ་ནི་རྒྱལ་ཡོངས་སུ་ལོ་གསར་གཏོང་བ་སྔ་ཤོས་ཀྱི་ས་ཆ་ཡིན་པ་རེད།
         སྤྱིར་ན་ལོ་གསར་གྱི་དགའ་སྟོན་ཉིན་8དང་9བར་བརྒྱུན་བསྲིང་ཞིང་། མི་རྣམས་ཀྱིས་མཆོད་འབུལ་གྱི་བྱེད་སྒོ་སྤེལ་བ་ཙམ་མ་ཟད། སྒོར་གཞས་རྒྱག་པ་དང་། མདའ་རྩལ་དང་སྦེ་ག་འགྲན་པ། རྡོ་འགྱོགས་པ་སོགས་ཀྱི་རྟེན་འབྲེལ་བྱེད་སྒོའང་སྤེལ་བཞིན་ཡོད།
    【1】  【2】  【3】
    ༄༅།།བོད་ལྗོངས་ཉིང་ཁྲིའི་མི་དམངས་ཚོས་དགའ་སྤྲོའི་ངང་ལོ་གསར་པ་བསུ་བ།
      

    ཕྱོགས་བསྡུས་གསར་འགྱུར།