འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་“སྐལ་བཟང་མེ་ཏོག་”གཟེངས་བུམ་གྱི་ཐང་ཆེན་ཞབས་བྲོའི་འགྲན་
    བསྡུར་ཆེན་པོ་སྐབས་གསུམ་པ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་02ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཀྱིས་“སྐལ་བཟང་མེ་ཏོག་”གཟེངས་བུམ་གྱི་ཐང་ཆེན་ཞབས་བྲོའི་འགྲན་
བསྡུར་ཆེན་པོ་སྐབས་གསུམ་པ་གཉེར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་30ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས། བོད་རང་སྐྱོང་ལྗོངས་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་བྱས་ནས་གཙོ་གཉེར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་“མཛངས་མའི་སེམས་པ་ཏང་ལ་ཕྱོགས་”ཞེས་པའི་བྱེད་སྒོ་དང་“སྐལ་བཟང་མེ་ཏོག་”གཟེངས་བུམ་གྱི་ཐང་ཆེན་ཞབས་བྲོའི་འགྲན་བསྡུར་ཆེན་པོ་སྐབས་གསུམ་པ་ལྷ་ས་གྲོང་ཁྱེར་དུ་གཉེར་བ་རེད། ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་དམངས་ཡོངས་ཀྱི་གཟུགས་གཞི་བདེ་འཇུག་ལུས་རྩལ་གཞི་རིམ་དུ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་སྔར་ལས་ལྷག་པར་བཏང་སྟེ་གྲོང་གསེབ་ཏུ་ཁྱབ་སྤེལ་དང་། སྡེ་ཁུལ་དུ་ཁྱབ་སྤེལ་བྱས་ཏེ་བུད་མེད་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་བོད་ལྗོངས་ཀྱི་མང་ཚོགས་ལུས་རྩལ་ལས་དོན་གོང་དུ་འཕེལ་བར་སྐུལ་སྤེལ་གཏོང་རྒྱུའི་ཆེད་དུ་རེད།
         བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཏུང་ཡན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ལ་བོད་རང་སྐྱོང་ལྗོངས་ཀྱི་ཐད་གཏོགས་ལས་ཁུངས་ཁག་དང་། གྲོང་ཁྱེར་དང་ས་ཁུལ་(ཆབ་མདོ་གྲོང་ཁྱེར་ཕུད་)ཁག མི་རྒན་པའི་བྱེད་སྒོའི་རྩ་འཛུགས་སོགས་ནས་ཡོང་བའི་རུ་ཁག་18ཀྱི་མི་གྲངས་300ལ་ཉེ་བ་ཞུགས་པ་རེད། དེའི་ཁྲོད་དུ་ལོ་ན་མཐོ་ཤོས་ལོ་65ལ་ཕེབས་པ་དང་ཆུང་ཤོས་ལོ་19ཡིན་ཞིང་། ཆ་སྙོམས་ཀྱི་ལོ་ཚོད་ནི་ལོ་37རེད། 
         རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ལ་གཏན་འབེབས་འཁྲབ་སྟངས་ཚོགས་ཆུང་དང་རང་འདེམས་འཁྲབ་སྟངས་ཚོགས་ཆུང་གཉིས་སུ་བགར་ཡོད་ཅིང་། སོ་སོར་བྱ་དགའ་ཨང་དང་པོ་ཐོབ་མཁན་1རེ་དང་། ཨང་གཉིས་པ་ཐོབ་མཁན་5རེ། ཨང་གསུམ་པ་ཐོབ་མཁན་6རེ། ལུས་རྩལ་ཀུན་སྤྱོད་སྲོལ་བཟང་གི་བྱ་དགའ་ཐོབ་མཁན་5རེ་བཅས་དཔྱད་འདེམས་བྱེད་རྒྱུ་རེད། དུས་ཡུན་ཆུ་ཚོད་ཧ་ལམ་5རིང་ཛ་དྲག་ཆེ་བའི་འགྲན་རྩོད་བྱས་མཐར། བོད་རང་སྐྱོང་ལྗོངས་ལས་བྱེད་རྒན་གྲས་ཀྱི་བྱེད་སྒོ་ལྟེ་གནས་ཀྱིས་སྐར་གྲངས་94.85ཐོབ་པའི་ཐོག་ནས་གཏན་འབེབས་འཁྲབ་སྟངས་ཚོགས་ཆུང་གི་ཨང་དང་པོ་བླངས་པ་དང་། ནག་ཆུའི་འཐུས་མི་རུ་ཁག་གིས་སྐར་གྲངས་94.15ཐོབ་པའི་ཐོག་ནས་རང་འདེམས་འཁྲབ་སྟངས་ཚོགས་ཆུང་གི་ཨང་དང་པོ་བླངས་པ་རེད།
    ༄༅།།བོད་ལྗོངས་ཀྱིས་“སྐལ་བཟང་མེ་ཏོག་”གཟེངས་བུམ་གྱི་ཐང་ཆེན་ཞབས་བྲོའི་འགྲན་
བསྡུར་ཆེན་པོ་སྐབས་གསུམ་པ་གཉེར་བ།
    ༄༅།།བོད་ལྗོངས་ཀྱིས་“སྐལ་བཟང་མེ་ཏོག་”གཟེངས་བུམ་གྱི་ཐང་ཆེན་ཞབས་བྲོའི་འགྲན་
བསྡུར་ཆེན་པོ་སྐབས་གསུམ་པ་གཉེར་བ།
      

    ཕྱོགས་བསྡུས་གསར་འགྱུར།