འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཕེའོ་ཅིན་ཧུའེ་ཡིས་ནག་ཉེས་ཐེར་འདོན་གྱི་འཕྲལ་འདོན་གྲོས་གཞིར་གྲོས་འཆམ་བྱུང་
    ཚེ་སང་ལོའི་ཟླ་བཞི་པར་ལས་ཁུར་དགོངས་ཞུ་བྱ་རྒྱུ་ཡིན་ཞེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་08ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་6ཉིན་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧུའེ་ཡིས་རྒྱལ་ཚོགས་ཀྱིས་ནག་ཉེས་ཐེར་འདོན་གྱི་འཕྲལ་འདོན་གྲོས་གཞིར་གྲོས་འཆམ་བྱས་ཚེ་ཁོང་གིས་སྲིད་འཛིན་ཏང་གི་རྒྱལ་ཁབ་ཏང་གསར་པས་བཏོན་པའི་ཇུས་གཞི་དང་ལེན་བྱས་ནས་སང་ལོའི་ཟླ་4པར་ལས་གནས་ནས་འབབ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ཧན་གོའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཕེའོ་ཅིན་ཧུའེ་ཡིས་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆིང་ཝ་ཐའེ་དང་རྒྱལ་ཁབ་ཏང་གསར་པའི་འཐུས་མི་ལི་ཀྲེན་ཤོན་དང་གྲོས་ཚོགས་ནང་གི་འཐུས་མི་ཀྲེན་ཀྲེན་ཧྲོའུ་ཡིས་ངོ་འཕྲད་གྲོས་མོལ་སྐར་མ་55ཙམ་བྱས་པ་རེད། ཀྲེན་ཀྲེན་ཧྲོའུ་ཡིས་གྲོས་མོལ་གྲུབ་རྗེས་གྲོས་མིའི་ཚོགས་འདུའི་ཐོག་ངོ་འཕྲད་གྲོས་མོལ་གྱི་ནང་དོན་བརྒྱུད་བསྒྲགས་བྱས་པ་རེད། ཁོང་གིས་ཕེའོ་ཅིན་ཧུའེ་ཡིས“སྤྱན་བསལ་གྱིས་སྲིད་དོན་ལ་ཐེ་ཇུས་བྱེད་པ”སོགས་དོན་རྐྱེན་གྱིས་རྒྱལ་སྲིད་ཟང་ཟིང་བཟོས་པར་འགན་འཁྲི་ཆེན་པོ་ཡོད་ཚུལ་བརྗོད་པ་མ་ཟད། གལ་སྲིད་རྒྱལ་ཚོགས་ཀྱིས་ནག་ཉེས་ཐེར་འདོན་གྱི་འཕྲལ་འདོན་གྲོས་གཞིར་གྲོས་འཆམ་བྱས་ཚེ་རྩ་ཁྲིམས་ཁྲུན་གཅོད་ཁང་གི་ཁྲུན་བཅད་བརྒྱུད་རིམ་ལ་སེམས་རྣལ་དུ་ཕབ་ནས་ལྟ་ཞིབ་བྱེད་པ་དང“རྒྱལ་ཁབ་དང་རྒྱལ་དམངས་ཀྱི་ཆེད་དུ་བབ་བརླིང་དང་ཁུ་སིམ་ངང་ནས་ཁ་བྲལ་རྒྱུའི་བསམ་བློའི་གྲ་སྒྲིག”བྱས་ཟིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།