འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།"དཀའ་ལས་ཇི་ཙམ་རྒྱག་དགོས་བྱུང་ཡང་ཡུལ་མི་དངོས་འབྲེལ་དབུལ་ སྒྲོལ་ཐུབ་པ་བྱ་རྒྱུ་ཡིན"

    ——ཉིང་ཞ་ཐུང་ཤིན་རྫོང་ཧོ་ཅ་ཡོན་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཏིང་ཧའེ་ཡན་གྱི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་08ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིང་ཞ་ཝུའུ་ཀྲུང་གྲོང་ཁྱེར་ཐུང་ཤིན་རྫོང་ཧོ་ཅ་ཡོན་གྲོང་ཚོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་གནད་ཆེན་པོ་ཞིག་རེད། སྔོན་ཆད་གྲོང་ཚོ་ཧྲིལ་པོར་དུད་ཚང་213དང་མི་869ཡོད། སྐམ་ཤས་ཆེ་ལ་ཆར་ཆུ་འབབ་ཉུང་བས་གྲོང་མི་མང་ཆེ་བས་རང་དགར་གནས་སྤོའམ་སྣོད་བཅུད་གནས་སྤོའི་ནང་ཞུགས་པས་མིག་སྔར་རྒྱུན་སྡོད་དུད་ཚང་47ཁོ་ན་ལས་ལྷག་མེད།
         2015ལོའི་ཟླ་གསུམ་པར་ཝུའུ་ཀྲུང་གྲོང་ཁྱེར་ཆུ་དོན་ཅུས་ཀྱི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཏིང་ཧའེ་ཡན་ཧོ་ཅ་ཡོན་གྲོང་ཚོའི་ཧྲུའུ་ཅི་དང་པོར་མངགས། ཅུས་ཀྱི་འགོ་ཁྲིད་ཀྱིས་ཏིང་ཧའེ་ཡན་མངགས་དོན་ནི་ཁོ་མོ་གཞི་རིམ་དུ་ཡུན་རིང་སྡོད་མྱོང་བས་གྲོང་གསེབ་ཀྱི་མང་ཚོགས་ཚོར་བརྩེ་བ་ཟབ་མོ་ཡོད་པ་མ་ཟད། ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས་ཡིན་ཞེས་བཤད།
         དེ་སྔ་དབུལ་སྐྱོར་གྱི་ལས་ཀ་བྱས་ནས་ལོ་མང་ཕྱིན་པའི་ཁོང་གིས་ལོ་50ལ་སླེབས་སྐབས་སླར་ཡང་དབུལ་སྐྱོར་གྱི་འཐབ་ས་མདུན་མར་བསྐྱོད།
         “བུ་ཆུང་བས་གྲོང་ཚོའི་རྣམ་པ་དག་མཐོང་སྐབས་རང་དབང་མེད་པར་མིག་ཆུ་ཤོར་ཞིང་། ཨ་མ་རང་འགྲོ་དགོས་མ་རེད། ངས་ཁྱེད་རང་གི་འགོ་ཁྲིད་འཚོལ་བར་ཕྱིན་ཆོག འདི་མི་སྡོད་གནས་རེད་མི་འདུག”ཅེས་བརྗོད་སྐབས། ཏིང་ཧའེ་ཉིང་གིས་ཁུ་སིམ་པོར་ཕྲན་ཙམ་བསྡད་རྗེས“ངས་འདི་གར་ལོ་གཉིས་ལས་ཀ་བྱ་རྒྱུ་ཡིན། འདི་གར་འཚོ་བ་ལེགས་སུ་ཕྱིན་རྗེས་ང་ལོག་ཀྱང་སེམས་པ་སྐྱིད་པོ་ཡོང་བ་འདུག”ཅེས་བུར་བཤད།
         རི་གྲོང་གི་དབུལ་ཕོངས་མི་སེར་སྔ་ཙམ་དབུལ་སྒྲོལ་ཐུབ་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཐུབ་པ་བྱ་རྒྱུ་ནི་ཁོ་མོས་གྲོང་མིར་ཁས་ལེན་བྱས་པ་ཞིག་རེད།
         གྲོང་ཚོར་བསྐྱོད་ནས་བཅར་འདྲི་བྱེད་པའི་ཉིན་དང་པོར་ཏིང་ཧའེ་ཡན་ལ་གནོན་ཤུགས་ཆེན་པོ་འཕྲད། “ཐོག་མ་གྲོང་ཚོ་དེས་མི་རྣམས་ལ་ཉམས་རྒུད་དང་སྐྱོ་སྣང་གི་རྣམ་པ་ཞིག་ངམ་ངམ་ཤུགས་ཀྱིས་སྟེར་གྱིན་ཡོད། རྒྱུན་སྡོད་བྱེད་མཁན་དུད་ཚང་47གྱི་ཁང་པ་ཚང་མ་གོག་ཧྲུལ་ཡིན་པ་མ་ཟད། ལོ་50ཡན་གསོན་པའི་མིའི་དུད་ཚང་གིས3/4ཡན་ཟིན་གྱི་ཡོད། འགྲོ་ལམ་ཞན་ལ་ཐ་ན་ལོ་མང་རིང་གྲོང་མི་ཁག་གཅིག་གྲོང་ཚོ་ནས་ཁ་གྱེས་མྱོང་མེད”ཅེས་བཤད། ཏིང་ཧའེ་ཡན་གྱིས་གྲོང་ཚོའི་ནང་ཕྱུག་འགྱུར་ཐབས་ལམ་ཕྲན་བུ་ཡོད་པའི་ཁྱིམ་ཚང་ཚང་མ་སྤོས་ཟིན་ཡོད། ད་ཆ་ལུས་པའི་ཁྲོད་རྒན་རྒོན་དང་དབང་པོ་སྐྱོན་ཅན་མང་པོ་ཡོད་པས། མི་དེ་དག་དབུལ་སྒྲོལ་བྱེད་དགོས་བྱུང་ན་དངོས་འབྲེལ་དཀའ་ངལ་ཆེན་པོ་ཡོང་བ་འདུག་ཅེས་བཤད། 
          “ཕྱུག་པོ་ཆགས་དགོས་བསམ་ན་སྔོན་ལ་ལམ་བུ་བཟོ་དགོས”ཞེས་པའི་ཏིང་ཧའེ་ཡན་གྱི་ལམ་བུ་བཟོ་བའི་བསམ་འདུན་ལ་གྲོང་མི་མི་ཉུང་བ་ཞིག་གིས་དགའ་སྣང་དང་སེམས་ཁྲལ་མཉམ་སྐྱེ་བྱེད་ཀྱི་ཡོད། དགའ་པོ་བྱེད་དགོས་དོན་ནི་ཕྱིས་འབྱུང་གནམ་ཁོ་ནར་བརྟེན་མི་དགོས་པ་དང་། སེམས་ཁྲལ་བྱེད་དགོས་དོན་ནི་གྲོང་ཁྱེར་ནས་ཡོང་བའི་བུད་མེད་ལས་བྱེད་པ་དེས་ལོ་མང་རིང་ཐག་གཅོད་མི་ཐུབ་པའི་གནད་དོན་ཐག་གཅོད་བྱེད་ཐུབ་མིན་ཐད་སེམས་ཁྲལ་བྱེད་པས་ཡིན། ཏིང་ཧའེ་ཡན་གྱིས་རིགས་པས་ཁུངས་སྐྱེལ་ཐེངས་མང་བྱས་རྗེས། ཕྱོགས་གང་ས་ནས་མ་དངུལ་གྲབས་གསོག་བྱས་པ་དང་། གྲོང་ཁྱེར་ཆུ་དོན་ཅུས་ཀྱིས་མ་དངུལ་གྲབས་གསོག་བྱས་ཏེ་ལམ་བུ་བཟོ་རྒྱུའི་ཐག་བཅད། དེ་རྗེས་ཏིང་ཧའེ་ཡན་གྱིས“ཐལ་རྡུལ་དང་འཕྲུལ་ཆས་ཀྱི་འཛེར་སྒྲ་སོགས་ལ་མ་འཛེམས་པར་ཉིན་ལྟར་ལས་ཡུལ་དུ་ལྟ་སྐུལ་བྱས་ནས་སྡོད་ཀྱི་ཡོད”ཁོད་སྙོམས་པོའི་བྱེ་རྡོའི་ལམ་བུ་ཞིག་ཤར་གཏོང་ཐུབ་རྗེས་ཁོ་མོ་གཞི་ནས་བློ་བདེ་པོ་ཆགས། གྲོང་མི་ཚོས་ཏིང་ཧའེ་ཡན་ལ་བསྔགས་བརྗོད་ཀྱི་མཐེ་བོང་བསྒྲེངས།
         ཏིང་ཧའེ་ཡན་གྱི་སེམས་ནང་ལ་ཧོ་ཅ་ཡོན་གྲོང་ཚོའི་ཡུལ་མི་དངོས་འབྲེལ་དབུལ་སྒྲོལ་ཐུབ་དགོས་ན། ལམ་བཟོ་གཅིག་པུས་ཡོང་ཐབས་མེད་པས། ད་དུང་ཐོན་ལས་འདེགས་སྐྱོར་མེད་ན་འགྲིག་ཐབས་མེད་བསམས།
         ཏིང་ཧའེ་ཡན་གྱིས་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་བརྒྱུད་སྲོལ་རྒྱུན་གྱི་འདེབས་འཛུགས་གྲུབ་ཆ་ནི་ཞིང་པའི་འབབ་འཕར་ཡོང་བར་ཤུགས་རྐྱེན་བཟོ་བའི་འགོག་རྐྱེན་གཙོ་བོ་ཞིག་རེད། ས་ཞིང་བཏབ་པར་ཐོན་འབབ་ཡག་པོ་ཡོང་གི་མེད་པས་གྲོང་ཚོའི་ནང་གི་བེད་མེད་ས་ཞིང་མུའུ་1000ལྷག་ཙམ་ལུས་ཡོད་པ་ཤེས་རྟོགས་བྱུང་།
         ཏིང་ཧའེ་ཡན་གྱིས་ཁ་ཏ་བསླབ་བྱ་ཡང་ཡང་བྱས་མཐར། གྲོང་མི་ཚོས་འདེབས་འཛུགས་གྲུབ་ཆ་སྒྱུར་འགོ་བརྩམས། འདི་ལོ་གྲོང་ཚོའི་ནང་ཀ་པེད་མུའུ་300དང་། ཧོང་ཀྭ་མུའུ་300 སྨན་རྒྱུ་མུའུ་300 དཀྱུས་འབྲུ་མུའུ་2100 མ་རྨོས་ལོ་ཏོག་མུའུ་1200 འབུ་སུ་ཧང་མུའུ་3000བཅས་བཏབ་པས། མུའུ་གཅིག་གི་ཡོང་འབབ་དེ་སྔོན་ལོ་ཤས་ཀྱི་ཡོང་འབབ་དང་འདྲ་པོ་ཡོད།
         གྲོང་མིར་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱས་པ་ཕུད། ཏིང་ཧའེ་ཡན་གྱིས་ད་དུང་གོང་རིམ་ནས་མ་དངུལ་བརྩོན་ལེན་དང་ཁྲོམ་རའི་དབར་འབྲེལ་གཏུག་ཧུར་ཐག་བྱས་ནས། དུད་ཚང་ཚང་མར་བྱ་ཕྲུག་སྤྲད་དེ་གསོ་ཚགས་ལས་རིགས་སྤེལ་རྒྱུའི་སེམས་ཐག་བཅད་ཅིང་། གྲོང་མིར་སྒོ་ཕྱུགས་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་དགོས་པའི་སྐུལ་སློང་བྱས་པ་རེད།
         ལོ་64ལ་སླེབས་པའི་གྲོང་མི་ཧུའུ་ཧའེ་ཞང་གིས། “འདི་ལོ་ངས་བྱ་ཕྲུག་50གསོས་པ་ཡིན། ཟླ་བརྒྱད་པར་ཁག་དང་པོ་བཙོངས་པར་ཡོང་འབབ་སྒོར་3000རག་བྱུང་། དེ་ནི་ངའི་ལོ་ཤས་ཀྱི་ཡོང་འབབ་མང་ཤོས་ཡིན་པས་ནང་མི་ཚང་མ་དགའ་པོ་བྱུང་། ཧྲུའུ་ཅི་ཏིང་ལགས་ཀྱིས་རིན་མི་དགོས་པར་བྱ་ཕྲུག་དང་། གཟན་ཆག རླུང་ཙི་བཅས་སྤྲད་པ་མ་ཟད། ད་དུང་ཁོང་རང་ཉིད་ཀྱིས་དངུལ་བཏང་ནས་ང་ཚོར་ཕྱུགས་སྨན་ཉོས་བྱུང”ཞེས་བཤད།
         ཧོ་ཅ་ཡོན་གྲོང་ཚོར་ཏིང་ཧའེ་ཡན་གྱིས་གྲོང་ཚོའི་ལས་དོན་ཡག་པོ་སྤེལ་མི་ཐུབ་པ་དེ་གྲོང་ཚོ་ཏང་ཀྲི་པུས་ལས་དོན་ཡག་པོ་མ་བསྒྲུབས་པ་དང་འབྲེལ་བ་ཆེན་པོ་ཡོད། “དབུལ་སྒྲོལ་འགག་སྒྲོལ་བྱེད་པར་ཀྲི་པུའུ་སྟོབས་ཆེན་ཞིག་ཡོད་དགོས”ཞེས་ཏིང་ཧའེ་ཡན་གྱིས་གྲོང་ཚོའི་ཧྲུའུ་ཅི་དང་པོ་བྱས་རྗེས་ཀྲི་པུའུ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། ད་དུང་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ནས་གྲོང་ཚོའི་ནང་ལུས་སྦྱོང་ཡོ་ཆས་སྒྲིག་སྦྱོར་བྱས་སྟབས་གྲོང་མིའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།
         ཧོ་ཅ་ཡོན་གྲོང་ཚོར་ལས་ཀ་བྱས་ནས་ལོ་གཉིས་ཙམ་འགྲོ་གྲབས་ཡོད། ཆ་རྐྱེན་ཉམས་ཞན་ཡིན་པས་ཏིང་ཧའེ་ཡན་གྱི་གྲུམ་ནད་ཇེ་སྡུག་ཏུ་སོང་ནས་སྐབས་རེ་བཟོད་དཀའ་བའི་ན་ཟུག་གཏོང་གི་ཡོད། འོན་ཀྱང་མང་ཚོགས་ཀྱི་འཚོ་བ་ལེགས་སུ་འགྲོ་བཞིན་ཡོད་པ་མཐོང་སྐབས་ཁོང་དགའ་ཚོར་ཆེན་པོ་སྐྱེས་ཀྱི་ཡོད།
         “ང་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་མྱོང། སྐབས་རེ་མིག་ཆུ་ཡང་ཤོར་གྱི་འདུག འོན་ཀྱང་གྲོང་མིའི་རེ་བའི་མིག་ཟུང་མཐོང་སྐབས། ངས་དཀའ་ལས་ཇི་ལྟར་རྒྱག་དགོས་རུང་། ཡུལ་མི་རྣམས་དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན། ཁོང་ཚོའི་ཡིད་ཆེས་དང་ཧྲུའུ་ཅི་དང་པོའི་འགན་འཁྲི་ཆུད་ཟོས་སུ་གཏོང་གི་མིན”ཞེས་ཏིང་ཧའེ་ཡན་གྱིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།