འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷོ་ཁའི་ཐོན་ལས་འཇོན་ཐང་ཅན་གྱིས་དུད་ཚང་དབུལ་པོའི་སྣེ་ཁྲིད་དེ་
    ཁྱད་ལྡན་ཐོན་ལས་ཁྲོམ་རར་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་08ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་གཉེར་བའི་བོད་ཀྱི་ཚོང་འདུས་ཆེ་ཤོས་ནང་གྲོང་གསེབ་ཀྱི་ཆེད་ལས་མཉམ་ལས་ཁང་གི་ཚོང་ཁང་གིས་གསར་འགོད་པའི་ཡོད་དབང་འཕྲོག དུད་ཚང་དབུལ་པོ་འཇོན་ཐང་ཅན་གྱི་རྗེས་སུ་འབྲངས་པ་དང་། འཇོན་ཐང་ཅན་ཐོན་ལས་ཀྱི་རྗེས་སུ་འབྲངས་པ། ཐོན་ལས་ཁྲོམ་རའི་རྗེས་སུ་འབྲངས་པ་བཅས་ནི་ད་ཆ་ལྷོ་ཁའི་གྲོང་གསེབ་ཀྱི་གནད་སྨིན་དབུལ་སྐྱོར་གྱི་རྣམ་པ་གསར་པར་གྱུར་ཡོད།
         རྒྱ་ཚ་རྫོང་དུ་ཤིང་ཕོར་ཐོན་མང་ཞིང་། ཁྲོམ་བཀྱག་ཅིག་གི་མདུན་དུ་ཆེ་ཆུང་སྣ་ཚོགས་ཡོད་པའི་སྤུས་དག་གི་ཤིང་ཕོར་བསྒྲིགས་ཡོད་པ་དང་། ཆུང་བདག་གིས་དུད་ཚང་དབུལ་པོ་དང་མཉམ་དུ་རང་ཉིད་དང་དུད་ཚང་དབུལ་པོ་5ཡིས་བཟོས་པའི་ཐོན་ཟོག་ཁག་དང་པོ་འཚོང་བཞིན་ཡོད།
         ཆུང་བདག་ལོ་11ལ་སླེབས་སྐབས་ཁྱིམ་ཚང་དབུལ་བའི་རྐྱེན་གྱིས་སློབ་གྲྭར་བསྐྱོད་མཚམས་བཞག་ནས་ས་གནས་དེ་གའི་ལག་ཤེས་མི་སྣ་དགེ་རྒན་དུ་བརྟེན་ནས་ཤིང་ཕོར་བཟོ་སྟངས་སྦྱངས་པ་དང་ད་བར་ལོ་20ལྷག་ཙམ་ཤིང་ཕོར་བཟོས་པ་དང་ལོའི་ཡོང་འབབ་སྒོར་ཁྲི་10ཡན་ཟིན་གྱི་ཡོད། ཤིང་ཕོར་བཟོ་བའི་ལག་ཤེས་ལ་བརྟེན་ནས་ཕྱུག་པོར་གྱུར་རྗེས་ཁོང་གིས་ཡུལ་མི་མི་བརྗེད་པར་འདི་ལོའི་ཟླ་6པར་རྒྱ་ཐང་གྲོང་ཚོའི་དུད་ཚང་དབུལ་པོ་5དང་མཉམ་འབྲེལ་བྱས་ནས་དམངས་ཕྱུག་ཤིང་ཕོར་ལས་སྣོན་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད།
         ཆུང་བདག་གིས་མཉམ་ལས་ཁང་གིས་ལག་ཤེས་སྦྱོང་མཁན་གྱི་དུད་ཚང་དབུལ་པོའི་མང་ཚོགས་ལ་ཉིན་རེར་གླ་ཆ་སྒོར་150སྤྲོད་ཀྱི་ཡོད་པ་དང་ཆབས་ཅིག ལོ་མཇུག་ཏུ་ལོ་ཧྲིལ་པོར་ཕྱིར་ཚོང་མང་ཉུང་ལ་གཞིགས་ནས། ཁོངས་མི་ཚོར་ཁེ་བཟང་བགོས་ཀྱི་ཡོད་པ་དང་། ད་ཐེངས་ཀྱི་ཚོང་འདུས་རིང་ཁོང་ཚོས་ཤིང་ཕོར་300ལྷག་ཙམ་བཙོངས་པར་ཡོང་འབབ་སྒོར་ཁྲི་9ཙམ་ཟིན་ཡོད། ཆུང་བདག་གིས་ལོ་གསུམ་ནང་དུད་ཚང་དབུལ་པོར་ཤིང་ཕོར་བཟོ་སྟངས་སློབ་པར་བརྟེན་ནས་དབུལ་སྒྲོལ་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད།
         གསར་འགོད་པས་ཚོང་འདུས་ཀྱི་ཚོང་ཟོག་ཁྲ་ཆིལ་སྦ་ཆིལ་ལས“ཐོན་ལས་འཇོན་ཐང་ཅན”གྱི་རྗེས་སུ་འབྲངས་རྒྱུ་ནི་བོད་ལྗོངས་ལྷོ་ཁའི་ཞིང་འབྲོག་པར་ཕན་པ་ཐོབ་རྗེས་ཀྱི་གདམ་ག་གསར་པར་གྱུར་བ་མཐོང་།
         2011ལོར་ཨར་སྐྲུན་ལ་བརྟེན་ནས་ལས་གཏོད་བྱས་པའི་ཡོན་ཏན་གྱིས་ཡར་འབྲོག་སྐར་མ་གླིང་གསེར་འབྲུག་ཕྱུགས་ཟོག་ལས་སྣོན་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ལོ་ལྔའི་ནང་དུད་ཚང་དབུལ་པོ་62དབུལ་སྒྲོལ་ཐུབ་རོགས་བྱས་ཡོད། ད་ཆ་མཉམ་ལས་ཁང་སྣ་དཀར་རྩེ་རྫོང་དུ་གཞི་ཁྱོན་ཆེ་ཤོས་ཀྱི་མཉམ་ལས་ཁང་དུ་གྱུར་བ་དང་དེའི་ནང་ཞུགས་མཁན་མི་གྲངས་1000ལྷག་ཙམ་ཟིན་པའི་ཁྲོད་དུད་ཚང་དབུལ་པོ་47ཚུད་ཡོད། ཡོན་ཏན་གྱིས་སྤོབས་པ་ཆེན་པོའི་སྒོ་ནས་དུས་ཚིགས་འདིར་སྣ་དཀར་རྩེ་རྫོང་དུ་རི་བོ་ཁ་བས་བཀླུབས་མོད། འོན་ཀྱང་བཟོ་གྲྭའི་ནང་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་ཡོད་ཅེས་བཤད།
         ལྷོ་ཁ་གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཡན་ཧོང་གིས་ད་ཕན་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས་གནད་སྨིན་དབུལ་སྐྱོར་ལས་དོན་སྤེལ་རིང་འཇོན་ཐང་ཅན་དེ་བས་མང་བ་དང་ཁྲོམ་ར་དེ་བས་མང་བ་གྲོང་གསེབ་ཀྱི་ཆེད་ལས་མཉམ་ལས་ཁང་དུ་གཅིག་སྡུད་ངང་གསར་འབྱེད་གཉེར་སྐྱོང་གང་ཐུབ་བྱས་ཏེ་གསོ་སྦྱོང་གི་མ་དངུལ་སྣ་ཚོགས་བསྡུ་སྒྲིལ་བྱས་པ་དང་ཞིང་འབྲོག་པ་དང་ལྷག་པར་དུ་དུད་ཚང་དབུལ་པོའི་ངལ་རྩོལ་རྩལ་ནུས་གོང་མཐོར་བཏང་སྟེ་གྲོང་གསེབ་ཀྱི་ཐོན་ལས་འཇོན་ཐང་ཅན་གྱིས་དུད་ཚང་དབུལ་པོ་སྣེ་ཁྲིད་རྒྱུར་སྐུལ་མ་བཏང་ནས་ཐོན་ལས་འཇོན་ཐང་ཅན་ཁག་གཅིག་སྦྱིན་བདག་བྱེད་དུ་བཅུག་པ་དང་ཞིང་པ་འབོར་ཆེན་ཞིག་ལས་ཞུགས་བརྟན་པོ་བྱུང་ཡོད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།