འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཞལ་ཐང་རྩེ་གྲ་འགྲེམས་སྟོན་གྱིས་ལྷ་སའི་གྲོང་མིའི་ཡིད་དབང་འགུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་05ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཞལ་ཐང་རྩེ་གྲ་འགྲེམས་སྟོན་གྱིས་ལྷ་སའི་གྲོང་མིའི་ཡིད་དབང་འགུགས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་དུ་གཉེར་བའི་བོད་ལྗོངས་ཀྱི་ཞལ་ཐང་རྩེ་གྲས་འགྲེམས་སྟོན་སྐབས་གསུམ་པས་གྲོང་མི་ཚོ་གཅིག་རྗེས་གཉིས་མཐུད་དུ་ལྟ་སྐོར་བྱེད་པར་ཡོང་བར་བཀུག་པ་རེད། ཐེངས་འདིའི་ཞལ་ཐང་འགྲེམས་སྟོན་དུ་ཞུགས་པའི་ཞལ་ཐང་བརྩམས་ཆོས་བོད་རང་སྐྱོང་ལྗོངས་ཀྱི་ཞལ་ཐང་འབྲི་རྒྱུན་ཁག་ཚང་མའི་ཞལ་ཐང་ཡོད་ཅིང་། བསྡོམས་པས་ཞལ་ཐང་སྒྱུ་རྩལ་པ་56གིས་བཞེངས་པའི་ཞལ་ཐང་108འགྲེམས་སྟོན་བྱས་པ་རེད། ཐང་ག་ནི་བོད་ཀྱི་རིག་གནས་ཁྲོད་ཀྱི་རི་མོའི་སྒྱུ་རྩལ་གྱི་རྣམ་པ་ཁྱད་ཆོས་དམིགས་བསལ་ལྡན་པ་ཞིག་ཡིན་པ་དང་། བརྗོད་གཞིའི་ནང་དོན་དུ་བོད་ཀྱི་ནང་བསྟན་དང་། ལོ་རྒྱུས། རིག་གནས། སྤྱི་ཚོགས་ཀྱི་འཚོ་བ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པས། བོད་ཀྱི་“ཤེས་བྱ་ཀུན་བཏུས་ཆེ་མོ་”ཞེས་འབོད་ཀྱི་ཡོད། འདི་ནི་སྐུ་མགྲོན་ཚོས་འགྲེམས་སྟོན་དུ་བཤམས་པའི་ཞལ་ཐང་པར་དུ་ལེན་བཞིན་ཡོད་པ་རེད།
    【1】  【2】  【3】  【4】
    ༄༅།།ཞལ་ཐང་རྩེ་གྲ་འགྲེམས་སྟོན་གྱིས་ལྷ་སའི་གྲོང་མིའི་ཡིད་དབང་འགུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།