འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྐུ་ཚབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁོང་ཀོ་(ཅིན)གྱི་ཆབ་སྲིད་འཕེལ་རིམ་ལ་
    སྐུལ་འདེད་གཏོང་རོགས་བྱེད་དགོས་པའི་འབོད་སྐུལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་08ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་གཞོན་པ་ཝུའུ་ཧའེ་ཐའོ་ཡིས་ཁོང་ཀོ་(ཅིན)གྱི་ཆབ་སྲིད་འཕེལ་རིམ་འགག་རྩའི་དུས་ལ་སླེབས་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོང་ཀོ(ཅིན)གྱི་རང་བརྟེན་འཕེལ་རྒྱས་འགྲོ་ལམ་ལ་བརྩི་འཇོག་བྱེད་དགོས། ལྷག་པར་དུ་ཁོང་ཚོའི་བདག་དབང་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ཁོང་ཀོ་(ཅིན)གྱི་ཆབ་སྲིད་འཕེལ་རིམ་ལ་དགེ་མཚན་ལྡན་པའི་རོགས་རམ་བྱེད་དགོས་ཞེས་གསུངས་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེ་རང་ལ་ཁོང་ཀོ་(ཅིན)གྱི་གནད་དོན་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཝུའུ་ཧའེ་ཐའོ་ཡིས་གཏམ་བཤད་སྤེལ་ནས་ཁོང་ཀོ(ཅིན)གྱི་བདེ་འཇགས་དུས་བབ་སྔར་བཞིན་ཞན་ཙམ་ཡོད་པས་ཡུན་རིང་ཞི་བདེ་དང་དར་རྒྱས་གོང་འཕེལ་ཡོང་བའི་ལས་འགན་ལྕི་ལ་ལམ་ཐག་ཀྱང་རིང་པོ་ཡོད་སྟབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་རོགས་རམ་བྱེད་དགོས་ཞེས་གསུངས་པ་རེད།
        ཝུའུ་ཧའེ་ཐའོ་ཡིས་ཀྲུང་གོ་སྲིད་གཞུང་གིས་ཁོང་ཀོ་(ཅིན)གྱི་ཞི་བདེའི་འཕེལ་རིམ་ལ་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་ཡུན་རིང་ནང་ཁོང་ཀོ་(ཅིན)གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་ཀོ་(ཅིན)ཕྱོགས་བསྡུས་བརྟན་ལྷིང་ཚོགས་པར་ཞི་བདེ་སྲུང་སྐྱོང་མི་སྣ་མངགས་གཏོང་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཁོང་ཀོ་(ཅིན)གྱི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཐད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་འདོད་ཡོད་ཅེས་གསུངས་པ་རེད།
         ཟླ་10ཚེས་18ཉིན། ཁོང་ཀོ་(ཅིན)སྲིད་གཞུང་གི་གྲངས་མང་ཤོག་ཁག་གིས་ཞི་འཇམ་ཅན་གྱི་ངོ་རྒོལ་ཤོག་ཁག་དང་ཙུང་ཐུང་འདེམས་བསྐོ་ཆེན་པོ་དང་སྲིད་དབང་བརྗེ་རེས་གནད་དོན་ཐད་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།