འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་ཚབ་ཚོགས་པས་མོ་རི་ཐ་ནི་ཡ་རྒྱལ་ཁབ་
    ལ་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་05ཉིན། 11:32】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་ཚབ་ཚོགས་པས་མོ་རི་ཐ་ནི་ཡ་རྒྱལ་ཁབ་
ལ་འཚམས་འདྲི་བྱས་པ།
         མི་དམངས་དྲ་བའི་འཕྲིན། མོ་རི་ཐ་ནི་ཡ་རྒྱལ་ཁབ་ཀྱི་རྒྱལ་དམངས་དབྱི་ཧུའེ་གྲོས་ཚོགས་ཀྱིས་གདན་ཞུ་གནང་བ་ལྟར། ཟླ་12ཚེས་2ཉིན་ནས་ཚེས་4ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་ཚབ་ཚོགས་པའི་སྣེ་འཁྲིད་དེ་མོ་རི་ཐ་ནི་ཡ་རྒྱལ་ཁབ་ལ་འཚམས་འདྲི་གནང་བ་དང་། འཚམས་འདྲི་བྱས་རིང་དུ་མོ་རི་ཐ་ནི་ཡ་རྒྱལ་ཁབ་ཀྱི་རྒྱལ་དམངས་དབྱི་ཧུའེ་གྲོས་ཚོགས་ཀྱི་ཚོགས་གཙོ་པུའུ་དབྱི་ལི་ལེ་དང་གྲོས་མོལ་གནང་བ་མ་ཟད། གྲོས་ཁང་གོང་མའི་ཚོགས་གཙོ་ཧ་ཅི་དང་ཙུང་ལི་ཏ་མིང་གཉིས་དང་མཇལ་འཛོམས་ཀྱང་གནང་བ་རེད། 
         བྱམས་པ་ཕུན་ཚོགས་ཀྱིས་ཀྲུང་གོ་དང་མོ་རི་ཐ་ནི་ཡ་རྒྱལ་ཁབ་གཉིས་བར་མཛའ་བཤེས་གཏིང་ཟབ་མོ་ཡོད་ཅིང་། ཉེ་བའི་ལོ་འགའི་རིང་ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐོག་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། དངོས་དོན་གཉེར་བའི་མཉམ་ལས་ལ་རྒྱུན་མཐུད་ངང་སྐུལ་སྤེལ་གཏོང་བར་བརྟེན། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་ཡོད་ཀྱི་ཕན་བདེ་བསྐྲུན་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་མོ་རི་ཐ་ནི་ཡའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དབུ་གཙོའི་ངོས་འཛིན་གཅིག་མཐུན་གལ་ཆེན་དོན་འཁྱོལ་སྔར་ལས་ལྷག་པར་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་སྤེལ་རེས་དང་གླེང་མོལ་མུ་མཐུད་སྤེལ་ནས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ཁག་བར་མཉམ་ལས་བྱེད་པར་ཁྲིམས་ལུགས་ཐོག་གི་འགན་སྲུང་འདོན་སྤྲོད་བྱས་ཏེ་ཀྲུང་གོ་དང་མོ་རི་ཐ་ནི་ཡ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་གོང་དུ་སྔར་ལས་ལྷག་པར་འཕེལ་བར་སྐུལ་སྤེལ་གཏོང་བར་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བསྟན་པ་རེད།
         མོ་རི་ཐ་ནི་ཡའི་ཕྱོགས་ཀྱིས་ཀྲུང་གོ་དང་མོ་རི་ཐ་ནི་ཡ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་གདེང་འཇོག་ལེགས་པོ་བྱས་ཤིང་། ཀྲུང་གོའི་ཕྱོགས་ཀྱི་སྲོག་ཤིང་་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་སྔ་རྒྱུན་གཞིར་བཞག་གིས་རྒྱབ་སྐྱོར་བརྟན་པོ་བྱེད་ངེས་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་བར་གྱི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་བསྟན་པ་རེད།
         འཚམས་འདྲི་བྱས་པའི་རིང་ལ། ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་དང་རྒྱལ་དམངས་དབྱི་ཧུའེ་གྲོས་ཚོགས་ཀྱི་ཚོགས་གཙོ་པུའུ་དབྱི་ལི་ལེ་གཉིས་མཉམ་དུ་ཀྲུང་གོ་དང་མོ་རི་ཐ་ནི་ཡའི་འཕྲོད་བརྟེན་མཉམ་ལས་ལས་གཞི་“འོད་སྣང་བྱ་སྤྱོད་”ཅེས་པའི་འོས་འགན་སྨན་བཅོས་ཏེ་ནད་པའི་མིག་སླར་ཡང་མཐོང་ཐུབ་པའི་མཛད་སྒོར་ཞུགས་པ་དང་། ཀྲུང་གོ་དང་མོ་རི་ཐ་ནི་ཡའི་བར་གྱི་མཛའ་བཤེས་མཚོན་པའི་མཛའ་མཐུན་གྲུ་ཁར་རྟོག་ཞིབ་ཀྱང་གནང་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།