འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱིས་སྐུ་ཞབས་སུན་ཀྲུང་ཧྲན་འཁྲུངས་
    ནས་ལོ་150འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་08ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན། ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱིས་ཨུ་རུ་སུའི་ཚན་རིག་ཁང་རྒྱང་ཤར་ཞིབ་འཇུག་སུའོ་རུ་རིགས་གཅིག་མཁས་ཅན་དང་མཁས་དབང་གི་བཞུགས་མོལ་ཚོགས་འདུ་འཚོགས་ནས་སྐུ་ཞབས་སུན་ཀྲུང་ཧྲན་འཁྲུངས་ནས་ལོ་150འཁོར་བར་དྲན་གསོ་ཞུས་པ་རེད།
         བཞུགས་མོལ་ཚོགས་འདུ་དེ་ཚན་རིག་ཁང་རྒྱང་ཤར་སུའོ་ཡི་སུའོ་ཀྲང་། ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལུའུ་ཅ་ཉིང་གིས་གཙོ་སྐྱོང་གནང་བ་དང་། ཨུ་རུ་སུའི་སྤྱི་ཚོགས་ལས་རིགས་ཁག་གི་རིགས་གཅིག་མཁས་ཅན་དང་། མཁས་དབང་། མཛའ་གྲོགས་མི་སྣ་བཅས་མི་བརྒྱ་ཙམ་ཚོགས་འདུར་ཞུགས་ཡོད། ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལི་ཧུའེ་ཚོགས་འདུར་ཞུགས་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
         ལུའུ་ཅ་ཉིང་གིས་ཤིས་ཚིག་སྒྲོན་སྐབས། སྐུ་ཞབས་སུན་ཀྲུང་ཧྲན་ནི་ཀྲུང་གོའི་རླབས་ཆེན་གྱི་དམངས་གཙོ་གསར་བརྗེའི་སྲོལ་གཏོད་པ་ཞིག་ཡིན་པས་ཀྲུང་གོའི་མི་རིགས་རང་དབང་ཆེད་ཕྱག་རྗེས་ཆེན་པོ་བཞག་ཡོད་ལ། སུའུ་ལེན་(ཨུ་རུ་སུ)དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་ཡོང་རྒྱུར་ཡང་མཛད་རྗེས་ཆེན་པོ་བཞག་ཡོད། ཁོང་ལ་དྲན་གསོ་ཞུ་བ་དེ་ནི་ཁོང་གི་མི་ཚེ་ཧྲིལ་པོའི་འབད་འཐབ་ཁྲོད་མངོན་པའི་བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དང་དད་སེམས་དང་བླ་ན་མེད་པའི་བསམ་བློ་ཀུན་སྤྱོད་ལ་སློབ་སྦྱོང་དང་དར་སྤེལ་བཏང་སྟེ། ཨུ་སུ་རུ་དང་ཀྲུང་གོའི་མཛའ་གྲོགས་བྱ་གཞག་ཆེད་རང་ཉིད་ཀྱི་བྱེད་འོས་པའི་འབད་བརྩོན་གནང་བ་དང་། ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་པོ་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེལ་འབུལ་དགོས་ཞེས་གསུངས་པ་རེད།
         ལི་ཧུའེ་ཡིས་སྐུ་ཞབས་སུན་ཀྲུང་ཧྲན་གྱིས་མི་རིགས་རང་དབང་དང་བཅིངས་འགྲོལ་བྱ་གཞག་ཆེད་འབད་བརྩོན་བྱས་པའི་མི་ཚེ་དེ་སུའུ་ལེན་དང་འབྲེལ་བ་དམ་ཟབ་ཡོད། སུན་ཀྲུང་ཧྲན་སྐུ་མ་གཤེགས་གོང་བརྩམས་པའི་《སུའུ་ལན་ལ་སྤྲིངས་པའི་ཁ་ཆེམས་ཡི་གེའི་》ནང་སྤྲོ་སེམས་རབ་ཏུ་འཕེལ་བ་དང་འདུན་པ་ཟབ་མོ་བཅངས་ནས་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་འཁོད་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཡོང་རྒྱུར་ཁ་ཞེ་གཉིས་མེད་ཀྱི་རེ་བ་བཅངས་ཡོད་ཅེས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།