འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།>>རྒྱལ་ནང་གསར་འགྱུར།

    ༄༅།།མཁའ་དབྱིངས་ནས་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭ་པར་དུ་བླངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཁའ་དབྱིངས་ནས་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭ་པར་དུ་བླངས་པ།
         མི་དམངས་དྲ་བའི་འཕྲིན། ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭའི་ལས་དུས་དང་པོ་ནི་2014ལོའི་ཟླ་12པ་ནས་དངོས་སུ་ཆུ་དྲངས་པ་ནས་བཟུང་སྟེ་2016ལོའི་ཟླ་11ཚེས་25ཉིན་གྱི་བར་དུ་ཁྱོན་བསྡོམས་ལྷོ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་60.9བྱང་དུ་དྲངས་ནས་པེ་ཅིང་དང་། ཐེན་ཅིན། ཧོ་ནན། ཧོ་པེ་བཅས་ཞིང་ཆེན་དང་དང་གྲོང་ཁྱེར་བཞིའི་ཡུལ་མི་ཁྲི་4200ལྷག་ལ་ཕན་ཐོགས་པ་རེད། ཆུའི་སྤུས་ཚད་ཀྱི་དམིགས་ཚད་ཁག་ས་ངོས་ཀྱི་ཆུའི་དམིགས་ཚད་IIརིགས་སུ་བརྟན་པོར་གནས་པའམ་དེ་ལས་བཟང་བ་ཡོད་པ་རེད། ཅིང་ཅིན་ཅི་ཡུས་སོགས་བརྒྱུད་ཀྱི་ཆུ་དྲངས་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཆུ་མཁོ་འདོན་བྱས་ཚད་དང་ནུས་ལྡན་མཐོ་རུ་ཕྱིན་པས། ཡུལ་མི་ཚོས་བེད་སྤྱོད་བྱེད་པའི་ཆུའི་སྤུས་ཚད་ལེགས་སུ་མངོན་གསལ་ཕྱིན་ཞིང་། གྲོང་ཁྱེར་ཁ་ཤས་ཀྱི་ས་འོག་ཆུའི་ཆུ་གནས་བསྐྱར་འཕར་ཡོང་འགོ་ཚུགས་པ་དང་། གྲོང་ཁྱེར་གྱི་ཆུ་བོ་དང་མཚེའུའི་སྐྱེས་ཁམས་ལེགས་སུ་མངོན་གསལ་ཕྱིན་པ་རེད། ལས་གྲྭ་འདིར་ཆུ་དྲངས་ནས་ལོ་གཉིས་འཁོར་བའི་དུས་འཆར་གྲབས་ཡོད་པའི་སྐབས་སུ་གསར་འགོད་པས་མཁའ་དབྱིངས་ནས་པར་ལེན་པར་བརྟེན་ཏེ་སྐུ་ཉིད་ཀྱི་མིག་ལམ་དུ་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭ་ཕུལ་ཡོད།
    【1】  【2】  【3】  
    ༄༅།།མཁའ་དབྱིངས་ནས་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭ་པར་དུ་བླངས་པ།
      

    ཕྱོགས་བསྡུས་གསར་འགྱུར།