འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།"སྐབས་དང་པོའི་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེ་རིག་གནས་སྒྱུ་རྩལ་དུས་ཆེན"དར་ལག་རྫོང་
    དུ་གཏོང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་09ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།'སྐབས་དང་པོའི་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེ་རིག་གནས་སྒྱུ་རྩལ་དུས་ཆེན'དར་ལག་རྫོང་
དུ་གཏོང་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་4ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་རང་སྐྱོང་ཁུལ་དར་ལག་རྫོང་གི"སྐབས་དང་པོའི་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེ་རིག་གནས་སྒྱུ་རྩལ་དུས་ཆེན"དར་ལག་གི་རྟ་རྒྱུག་ཐང་དུ་གཏོང་འགོ་ཚུགས་པ་རེད། ཐེངས་འདིའི་བྱེད་སྒོའི་དམིགས་དོན་ནི་ཕོ་བྲང་སེང་འབྲུག་སྟག་རྩེ་དང་ཨ་སྟག་ལྷ་མོའི་མཁར་རྫོང་སོགས་ཁྱད་ཡོན་ལྡན་པའི་གེ་སར་རིག་གནས་ཀྱི་ཐོན་ཁུངས་འོས་སྦྱོར་བྱས་ཏེ་དམངས་སྲོལ་དང་དམངས་ཁྲོད་རིག་གནས། ལོ་རྒྱུས་རིག་གནས་བཅས་འགྲེམས་སྟོན་གང་ལེགས་བྱ་ཆེད་རེད། 
         ཤེས་རྟོགས་བྱུང་བ་ལྟར་ན། སྒྱུ་རྩལ་དུས་ཆེན་གྱི་རིང་དུ"གེ་སར་རིག་གནས་རྒྱུན་འཛིན་དང་བོད་རིགས་ཀྱི་སྲོལ་རྒྱུན་བཟོ་བཀོད་རྒྱུན་འཛིན་གྱི་རིག་གཞུང་གླེང་སྟེགས"དང་།  "ཕོ་བྲང་སེང་འབྲུག་སྟག་རྩེའི་སྒོ་བྱང་སྩོལ་བའི"བྱེད་སྒོ་སོགས་སྤེལ་རྒྱུ་ཡིན་པ་མ་ཟད། ད་རུང་རྟ་རྒྱུག་དང་། གཡག་རྒྱུག མདའ་འཕེན་སོགས་ཀྱི་དམངས་ཁྲོད་ལུས་རྩལ་འགྲན་བསྡུར་དང་འོད་སྟོང་འབར་བའི་"ལོ་ལྔ་ཚན་བཅུ་གཉིས་པའི"གྲུབ་འབྲས་པར་རིས་འགྲེམས་སྟོན་སོགས་སྤེལ་རྒྱུ་རེད།
    【1】  【2】  【3】  【4】  【5】
    ༄༅།།'སྐབས་དང་པོའི་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེ་རིག་གནས་སྒྱུ་རྩལ་དུས་ཆེན'དར་ལག་རྫོང་
དུ་གཏོང་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།