འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རྒྱལ་སྤྱིའི་དམངས་ཁྲོད་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་ཟི་ལིང་དུ་གཏོང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་11ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲུང་གོའི་རྒྱལ་སྤྱིའི་དམངས་ཁྲོད་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་ཟི་ལིང་དུ་གཏོང་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་8ཉིན་གྱི་དགོང་མོར་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ཀྲུང་གོའི་རྒྱལ་སྤྱིའི་དམངས་ཁྲོད་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་མཚོ་སྔོན་ཟི་ལིང་དུ་གཏོང་འགོ་ཚུགས་ཤིང་། སྐབས་འདིའི་སྒྱུ་རྩལ་དུས་ཆེན་གྱིས"དམངས་ཁྲོད་སྒྱུ་རྩལ་འཕེལ་རྒྱས་བཏང་། མཛའ་གྲོགས་ཞི་བདེར་སྐུལ་མ་ཐེབས"ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད་ལ། གླིང་ཆེན་ལྔའི་རྒྱལ་ཁབ་ཀྱི་སྒྱུ་རྩལ་ཚོགས་པ་13ཞུགས་ཡོད་པ་མ་ཟད། འདི་ནི་ཀྲུང་གོའི་རྒྱལ་སྤྱིའི་དམངས་ཁྲོད་སྒྱུ་རྩལ་དུས་ཆེན་མཚོ་བོད་ས་མཐོ་ནས་སྤེལ་ཐེངས་དང་པོ་ཡང་ཡིན་པ་རེད། ཀྲུང་གོའི་རྒྱལ་སྤྱིའི་དམངས་ཁྲོད་སྒྱུ་རྩལ་དུས་ཆེན་ནི་1990ལོར་གསར་དུ་བཙུགས་ནས་ད་ལྟའི་བར་སྐབས་9བདེ་བླག་ངང་འཚོགས། རིམ་རྩིས་བྱས་ན་རྒྱལ་ཁབ་63གྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་149ཞུགས་མྱོང་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅།།ཀྲུང་གོའི་རྒྱལ་སྤྱིའི་དམངས་ཁྲོད་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་ཟི་ལིང་དུ་གཏོང་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།