འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་མཚོ་44དྭངས་གཙང་མཚོ་སྲུང་སྐྱོང་ཁྱབ་ཁོངས་སུ་བཅུག་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་11ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  མཚོ་ནུབ་གྲོང་ཁྱེར་ཚགས་པར་ཐོག་ཏུ་གནས་ཚུལ་སྤེལ་བ་གཞིར་བཟུང་། མཚོའི་སྣོད་བཅུད་ཁོར་ཡུག་སྔར་བས་སྲུང་སྐྱོང་ཡག་པོ་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་ལྟར་མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་ཁེ་ལུའུ་ཁེ་མཚོ་སོགས་འཆར་འགོད་ནང་བཅུག་པའི་དྭངས་གཙང་མཚོ་44ལ་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།
         2015ལོའི་ལོ་མཇུག་བར་མཚོའི(ཆུ་མཛོད)སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་རྣམ་གྲངས་ཁག་ལ་རིམ་རྩིས་བྱས་ན་ཀྲུང་དབྱང་ནོར་སྲིད་ཀྱི་རོགས་དངུལ་སྒོར་དུང་ཕྱུར་2.9ཐོབ་པ་དང་མཚོའི་སྣོད་བཅུད་ཁོར་ཡུག་བདེ་འཇགས་ཞིབ་བཤེར་དང་དཔྱད་དཔོག་དང་། འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་། རྒྱུག་ཁུལ་གྱི་སྦགས་བཙོག་འབྱུང་ཁུངས་བཅོས་སྐྱོང་། སྣོད་བཅུད་ཉམས་གསོ་དང་སྲུང་སྐྱོང་། ཁོར་ཡུག་ལྟ་སྐུལ་དོ་དམ་ནུས་པ་འཛུགས་སྐྱོང་སོགས་རྣམ་གྲངས་ཆེ་ཁག་ལྔ་གཙོ་གནད་ཐོག་ལག་ལེན་བསྟར་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བླང་བྱ་ལྟར། མཚོ་སྔོན་ཞིང་ཆེན་གྱིས་དྭངས་གཙང་མཚོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ནས་མཚོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་རྣམ་གྲངས་དེ་བས་མང་བ་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
         མིག་སྔར་མཚོའི(ཆུ་མཛོད་དང་མཚོའུའི་ཚོགས)སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་རྣམ་གྲངས་གོ་རིམ་ལྡན་པའི་ངང་ལག་ལེན་བསྟར་བཞིན་ཡོད་པའི་ནང་ཁེ་ལུའུ་ཁེ་མཚོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་རྣམ་གྲངས་འདི་ལོའི་ལོ་མཇུག་གོང་ལེགས་འགྲུབ་བྱ་རྒྱུ་ཡིན་པ་དང་། ཚ་རྔ་འགག་ཆུ་མཛོད་དང་། སྔོ་རྒྱའི་འགག་ཆུ་མཛོད། རྨ་སྟོད་མཚེའུའི་ཚོགས་བཅས་རྣམ་གྲངས་2018ལོའི་ལོ་མཇུག་ཏུ་ལེགས་འགྲུབ་བྱ་རྒྱུ་དང་རྣམ་གྲངས་དེ་དག་ལག་ལེན་བསྟར་བ་ལས་མཚོའི(ཆུ་མཛོད་དང་མཚེའུའི་ཚོགས)ཆུའི་སྤུས་ཚད་དང་ཉེ་འགྲམ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།