འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་རྒྱང་རྒྱུག་བདམས་ཐོན་པ་སྟོབས་རྒྱལ་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པར་
    ཕེབས་སྐྱེལ་ཞུས་པ།   

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་07ཉིན། 16:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཀྱིས་རྒྱང་རྒྱུག་བདམས་ཐོན་པ་སྟོབས་རྒྱལ་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པར་
ཕེབས་སྐྱེལ་ཞུས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་5ཉིན། བོད་ལྗོངས་ལུས་རྩལ་ལས་རིགས་ཀྱིས་ལྷ་སར་བོད་རིགས་ཀྱི་ཕུལ་བྱུང་ལུས་རྩལ་པ་སྟོབས་རྒྱལ་ལི་གཡོད་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པར་ཕེབས་སྐྱེལ་ཞུས་པ་དེ་ནི་བོད་ཀྱི་བདམས་ཐོན་པ་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་ནང་ཞུགས་ཐེངས་དང་པོ་དེ་ཡིན་པ་རེད། 
         ཉེ་བའི་ལོ་ཤས་རིང་། སྟོབས་རྒྱལ་གྱིས་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དང་། ཨེ་ཤེ་ཡའི་ལེགས་སྐྱེས་འགྲན་བསྡུར། འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་སོགས་རྒྱལ་སྤྱིའི་འགྲན་བསྡུར་ཆེ་གྲས་ནང་ཞུགས་པ་དང་འབྲེལ་རྒྱལ་ནང་གི་འབྲིང་རྒྱུག་དང་རྒྱང་རྒྱུག་འགྲན་བསྡུར་ནང་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། སྟོབས་རྒྱལ་ནི་བོད་རང་སྐྱོང་ལྗོངས་ཀྱི་སྐད་གྲགས་ཡོད་པའི་འབྲིང་རྒྱུག་དང་རྒྱང་རྒྱུག་ལུས་རྩལ་པ་ཞིག་ཡིན་པ་དང་། ཁོང་ནི་1988ལོར་མདའ་འཕེན་ལུས་རྩལ་པ་རྡོ་རྗེ་ཆོས་དབྱིངས་ཧན་ཁྲེང་ཨོ་རྩལ་འགྲན་ཚོགས་ནང་ཞུགས་ནས་ལོ་28སོང་རྗེས། ཨོ་རྩལ་འགྲན་ཚོགས་ནང་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་པ་ཨང་གཉིས་པ་དེ་ཡིན་ལ། ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་ཀྱི་འགྲན་བསྡུར་ནང་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་པ་ཨང་དང་པོ་དེ་ཡང་ཡིན་པ་རེད། འདི་ནི་ཟླ་8ཚེས་5ཉིན་བོད་རང་སྐྱོང་ལྗོངས་ལུས་རྩལ་ལག་རྩལ་སློབ་གྲྭའི་དགེ་སློབ་དང་སྟོབས་རྒྱལ་(གཡོན་གྱི་ལྔ་པ་)མཉམ་དུ་དྲན་རྟེན་པར་རྒྱག་པའི་གནས་ཚུལ་ཡིན་པ།
    ༄༅།།བོད་ལྗོངས་ཀྱིས་རྒྱང་རྒྱུག་བདམས་ཐོན་པ་སྟོབས་རྒྱལ་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པར་
ཕེབས་སྐྱེལ་ཞུས་པ།
    ༄༅།།བོད་ལྗོངས་ཀྱིས་རྒྱང་རྒྱུག་བདམས་ཐོན་པ་སྟོབས་རྒྱལ་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པར་
ཕེབས་སྐྱེལ་ཞུས་པ།
      

    ཕྱོགས་བསྡུས་གསར་འགྱུར།