འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་ཆེན་ཐོན་པའི་སློབ་མ་ཕྱེད་ཀ་ལྷག་ཙམ་གྱིས་ལོ་ཕོགས་སྒོར་88932ཟིན་རེ་བྱེད་པ།

    པེ་ཅིང་ཞིབ་བཤེར་སྤྱི་ཁྱབ་རུ་ཁག་གིས་བརྟག་དཔྱད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་11ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སློབ་ཐོན་སློབ་མ་57.4%ཡིས་ཐད་ཀར་ལས་ཀ་འཚོལ་འདོད་བྱེད་པ་དང་། སློབ་ཐོན་སློབ་མ་33%གྱི་ཐོག་མའི་གདམ་ག་ནི་སྲིད་འཛིན་ལས་ཁུངས་དང་བྱ་གཞག་ཚན་པ་ཡིན་པ། སློབ་ཐོན་སློབ་མ་52.8%ཀྱིས་ལོ་ཕོགས་ཆ་སྙོམས་སྒོར་88932ཟིན་རེ་བྱེད་ཀྱི་ཡོད། པེ་ཅིང་གྲོང་ཁྱེར་བསྡོམས་རྩིས་ཅུས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་པེ་ཅིང་ཞིབ་བཤེར་སྤྱི་ཁྱབ་རུ་ཁག་གིས་སྤེལ་བའི“2016ལོའི་པེ་ཅིང་གི་མཐོ་སློབ་སློབ་མའི་ལས་གཏོད་གསར་གཏོད་དང་ལས་ཞུགས་འདོད་འདུན་བརྟག་དཔྱད་”ལས་མངོན་པར། པེ་ཅིང་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ཚན་པ་སྣ་མང་ཅན་གྱི་འཕེལ་ཕྱོགས་མངོན་གསལ་དོད་པ་དང་གླ་ཕོགས་སྔོན་དཔག་སྔར་བས་ཚད་རན་པོ་ཡོད་པ་རེད།
         “འགྲོ་འདོད་ཆེ་ཤོས་ཀྱི་ལས་ཞུགས་ཚན་པའི”སྐོར་འདྲི་སྐབས་སྲིད་འཛིན་ལས་ཁུངས་དང་བྱ་གཞག་ཚན་པ་ནི་སྔར་བཞིན་སློབ་ཐོན་སློབ་མ་ཚོའི་གདམ་ག་དང་པོ་ཡིན་པ་དང་དེ་བདམས་ཚད་33%ཟིན་གྱི་ཡོད། སློབ་ཐོན་སློབ་མ་27.3%གྱིས་གཞུང་ཁོངས་ཁེ་ལས་ཆེ་བ་དང་འབྲིང་བ་བདམས་པ་དང་སློབ་ཐོན་སློབ་མ་11.2%ཀྱིས་ཕྱི་རྒྱལ་ཁེ་ལས་བདམས་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་དམངས་གཉེར་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བའི་སྲིད་ཇུས་བཏོན་པ་ལས་སློབ་ཐོན་སློབ་མས་འཕེལ་རྒྱས་མདུན་ལམ་ལ་ངོས་འཛིན་གསར་པ་ཐུབ་ཡོད། སྒེར་གཉེར་ཁེ་ལས་ཆེ་བ་དང་འབྲིང་བ་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་བདམས་མཁན་སློབ་ཐོན་སློབ་མའི་བསྡུར་ཚད་25.2%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་8.4འཕར་ཡོད་པ་རེད།
         བརྟག་དཔྱད་ལས་མངོན་པར། སློབ་ཐོན་སློབ་མས་གླ་ཕོགས་སྔོན་དཔག་སྔར་བས་ཚད་རན་པོ་ཡོད་རེ་བྱེད་ཅིང་། སློབ་ཐོན་སློབ་མ་52.8%ཀྱིས་ཁྲལ་མ་འཇལ་གོང་གི་ཟླ་ཕོགས་སྒོར་5000ནས་8000བར་དང་ཟླ་ཕོགས་ཆ་སྙོམས་སྒོར་7411ཟིན་རེ་བྱེད་པ་དང་ལོ་ཕོགས་རྩིས་བརྒྱབ་ན་སྒོར་88932ཟིན་པ་དེ་2015ལོའི་པེ་ཅིང་གྲོང་ཁྱེར་གྱི་ཁྲིམས་མི་ཚན་པའི་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཕོགས་སྒོར་97616དང་བསྡུར་ན་འདྲ་པོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།