འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བསམ་ཡས་དགོན་པའི་སྟེང་ཐོག་ཏུ་ཨར་ཀ་གཅོག་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་04ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བསམ་ཡས་དགོན་པའི་སྟེང་ཐོག་ཏུ་ཨར་ཀ་གཅོག་པ།
         མི་དམངས་དྲ་བའི་འཕྲིན། མ་དངུལ་སྒོར་ཁྲི་1100བཏང་བའི་བསམ་ཡས་དགོན་སྡེའི་དུས་ཐེངས་གསུམ་པའི་རིག་དངོས་སྲུང་སྐྱོབ་ལས་གྲྭ་འདི་ལོའི་ཟླ་5པར་འགོ་ཚུགས་པ་དང་། ད་ཐེངས་ཀྱི་ལས་གྲྭའི་ནང་བསམ་ཡས་དགོན་པའི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་བསྐྲུན་པའི་ཐོག་སོ་གསུམ་པའི་དབུ་རྩེ་ལྷ་ཁང་གི་ཨར་འདམ་ས་ངོས་བཀོག་ནས་སྲོལ་རྒྱུན་གྱི་བོད་བཟོའི་ཨར་ཀ་བཅག་ནས་སྤྱི་ཡོངས་ཀྱི་རྣམ་པ་གཅིག་མཐུན་ཡོང་བ་བྱ་རྒྱུ་ཡིན་པ་རེད། བསམ་ཡས་དགོན་སྡེ་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་གནས་ཡོད་པ་དང་དགོན་པའི་བཟོ་བཀོད་ཐད་འོག་ཁང་བོད་ལུགས་དང་། བར་ཁང་རྒྱ་ནག་ལུགས། སྟེང་ཁང་རྒྱ་གར་ལུགས་བཅས་ཀྱི་ཁྱད་ཆོས་ཆ་ཚང་བ་ཡོད་པ་དང་། 1996ལོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་གཏན་འཁེལ་བྱས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལས་གྲྭའི་ཨར་སྐྲུན་གཙོ་བོ་འདི་ལོའི་ལོ་མཇུག་ཏུ་རྦད་དེ་ལས་མཇུག་འགྲིལ་རྒྱུ་ཡིན་ཞིང་། འདི་ནི་ཟླ་7ཚེས་27ཉིན་དེ་ཁུལ་གྱི་གྲོང་མི་ཚོས་དགའ་སྤྲོ་འཁོལ་བའི་ཨར་གཞས་བཏང་ནས་བོད་ཀྱི་དགོན་སྡེ་དང་པོ་བསམ་ཡས་དགོན་སྡེའི་སྟེང་ཐོག་ཏུ་ཨར་ཀ་གཅོག་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།