འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཞི་པའི་བོད་ལྗོངས་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེ་མོ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་11ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།“རིག་གནས་ཀྱི་རང་བཞིན་དང་། གསར་གཏོད་ཀྱི་རང་བཞིན། ཚན་རྩལ་གྱི་རང་བཞིན”བཅས་གཞི་གཅིག་ཏུ་འདུས་པའི་བོད་ཀྱི་ཁྱད་ལྡན་ཡུལ་སྐོར་ཚོང་ཟོག་ཁག་གཅིག་སྔོག་འདོན་གཏིང་ཟབ་བྱས་ནས་ཡུལ་སྐོར་དཔལ་འབྱོར་ཁྲོད་ཀྱི་ཡུལ་སྐོར་ཉོ་སྒྲུབ་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ་དང་། བོད་ཀྱི་ཡུལ་སྐོར་ལམ་ཐིག་འཆར་འགོད་དང་། སྔོག་འདོན། ལེགས་གཏོང་བཅས་བྱེད་པ། ས་ཁོངས་ཡུལ་སྐོར་གསར་སྤེལ་བྱེད་ཟབ་ཏུ་གཏོང་བ། ཡུལ་སྐོར་བའི་ཡུལ་སྐོར་མྱོང་རོལ་ཕན་འབྲས་ཆེ་རུ་གཏོང་བ། བོད་ལྗོངས་ཡུལ་སྐོར་ཚོང་ཟོག་དང་ལམ་ཐིག་ཁྱད་ཆོས་ཟུང་འབྲེལ་བཅས་བྱེད་ཆེད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་སྐབས་བཞི་པའི་བོད་ལྗོངས་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེ་མོ་དང“རྩེར་སོན་བོད་ལྗོངས”ཀྱི་ཡུལ་སྐོར་ལམ་ཐིག་དཔྱད་འདེམས་འགྲན་བསྡུར་ཆེ་མོ་ཆེད་མངགས་སྤེལ་བ་རེད།
         ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོས“ཡུལ་སྐོར་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཡུལ་སྐོར་རིག་གནས་ཁྱབ་སྤེལ་གཏོང་བ། ཡུལ་སྐོར་ཡོང་འབབ་མང་དུ་གཏོང་བ། ཡུལ་སྐོར་ཐོན་ལས་གྲུབ་ཆ་ལེགས་སུ་གཏོང་བ”བཅས་ཀྱི་རྩ་དོན་ལ་གཞིགས་པ་དང “སྲིད་གཞུང་གིས་རྒྱབ་སྐྱོར་གཙོ་ཁྲིད་བྱེད་པ་དང་། མཐུན་ཚོགས་ཀྱིས་ལས་སྟེགས་གཏོད་པ། ཁེ་ལས་ཞུགས་པ། སྨྱན་སྦྱོར་གྱིས་དྲིལ་བསྒྲགས་བྱེད་པ”བཅས་ཀྱི་བྱེད་སྟངས་བརྒྱུད“སྲོལ་རྒྱུན་བརྟན་གཏོང་དང་། གསར་དར་གསར་སྤེལ། མི་མངོན་པའི་ནུས་པ་སྐྱེད་སྲིང་། གཞི་ཁྱོན་བརྟན་གཏོང་། གྲུབ་ཆ་ལེགས་གཏོང་། ཕན་འབྲས་མཐོར་གཏོང”བཅས་ཀྱི་ཁྲོམ་ར་གསར་སྤེལ་གྱི་སྤྱིའི་བསམ་ཕྱོགས་གཞིར་བཟུང་འགྲན་བསྡུར་ལ་བརྟེན་ནས་ཐོན་ལས་དང་། སློབ་སྦྱོང་། ཞིབ་འཇུག གསར་གཏོད་བཅས་ལ་སྣེ་ཁྲིད་དེ། འགྲན་བསྡུར་གོང་གསོ་སྦྱོང་མཐོར་གཏོང་དང་། འགྲན་བསྡུར་བྱེད་རིང་སྤེལ་རེས་སློབ་སྦྱོང་། འགྲན་བསྡུར་མཇུག་འགྲིལ་རྗེས་ཞིབ་འཇུག་མཐོར་གཏོང་བཅས་ཀྱི་རྣམ་པ་ཞིག་ཧུར་ཐག་ཆགས་པར་བྱེད་པ་དང་། གོང་འོག་མཉམ་འགུལ་དང་རྒྱ་ཁྱབ་སྐུལ་འདེད་ཀྱི་ཡུལ་སྐོར་རྣམ་པ་གསར་པ་ཆེན་པོ་ཞིག་ཆགས་པར་བྱེད་པ། བོད་ལྗོངས་ཡུལ་སྐོར་ཚོང་ཟོག་གི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཡུལ་སྐོར་ལམ་ཐིག་གི་ཐོན་ཁུངས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་ཡུལ་སྐོར་ཚོང་ཟོག་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་འབོར་གཉིས་ལྡན་བྱུང་ཡོད་པ་རེད།
         གཞན་ཡང་། སྐབས་འདིའི་ཚོང་ཟོག་འགྲན་བསྡུར་ཆེ་མོར་བྱ་དགའ་ཐོབ་པའི་ཚོང་ཟོག་ལ་རྒྱུན་གཏན་གྱི་བྱ་དགའི་དངུལ་དང་ལག་ཁྱེར་རག་པ་ཕུད། ད་དུང“མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་བོད་ལྗོངས་ཡུལ་སྐོར་གཞུང་ཕྱོགས་དྲིལ་བསྒྲགས་སྦྱར་ཡིག་སྤྱོད་ཆོག་ཁར། བོད་ལྗོངས་ཐན་ལི་དཔལ་འབྱོར་རིག་གནས་ཚད་ཡོད་ཀུང་སི་དང་བོད་ལྗོངས་དཔེ་སྐྲུན་རིག་གནས་ཐོན་ལས་གླིང་བཅའ་བཞུགས་ཀྱི་གྲོས་མཐུན་ཡི་གེར་མིང་རྟགས་འགོད་པའི་གོ་སྐབས་ཐོབ་རྒྱུ་དང་། ཡུལ་སྐོར་ཚོང་ཟོག་གི་ཐོན་སློབ་ཞིབ་གསུམ་བརྒྱུད་འགྲན་ར་དང་། མ་དངུལ། ལག་རྩལ་སོགས་ཀྱི་རྒྱབ་སྐྱོར་ཐོབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།