འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ནག་ཆུ་རུ་ཁག་གིས་བོད་ལྗོངས་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་ཁྲོད་དུ་ཨང་དང་པོ་བླངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་05ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ནག་ཆུ་རུ་ཁག་གིས་བོད་ལྗོངས་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་ཁྲོད་དུ་ཨང་དང་པོ་བླངས་པ།
         ཟླ་8ཚེས་3ཉིན་2016ལོའི་བོད་ལྗོངས་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་པའི་འགྲན་བསྡུར་ཁྲོད་ནག་ཆུའི་འཐུས་ཚབ་རུ་ཁག་དང་གཞིས་ཀ་རྩེའི་འཐུས་ཚབ་རུ་ཁག་གཉིས་ཀྱིས་རྒྱུན་གཏན་འགྲན་བསྡུར་དང་དུས་བསྣར་ཡང་བསྡུར་ཁྲོད་དུ་སྐར་གྲངས་2:2ཀྱིས་འདྲ་མཉམ་བྱུང་བས། མཐའ་མཇུག་ནག་ཆུ་རུ་ཁག་གིས་རྐྱང་འཕེན་འགྲན་བསྡུར་ཁྲོད་དུ་སྐར་གྲངས་6:5ཡི་ཐོག་ནས་ཨང་དང་པོ་བླངས་པ་རེད། 2016ལོའི་བོད་ལྗོངས་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་དུས་ཡུན་ཉིན་བཅུ་གཉིས་བྱས་ཤིང་། ལྷ་ས་དང་ཉིང་ཁྲི་སོགས་བོད་རང་སྐྱོང་ལྗོངས་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་དང་ལྗོངས་ཐད་གཏོགས་མ་ལག་བདུན་གྱི་འཐུས་ཚབ་རུ་ཁག་11གི་ལུས་རྩལ་པ་200ལྷག་འགྲན་བསྡུར་ནང་ཞུགས་ཡོད་པ་རེད། 
    【1】  【2】  【3】  【4】
    ༄༅།།ནག་ཆུ་རུ་ཁག་གིས་བོད་ལྗོངས་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་ཁྲོད་དུ་ཨང་དང་པོ་བླངས་པ།
      

    ཕྱོགས་བསྡུས་གསར་འགྱུར།