འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་རྐང་ཐང་མར་ཀྲུང་གོའི་མཚོ་སྔོན་པོ་སྐོར་བའི་རྒྱལ་ཡོངས་འགྲན་བསྡུར་
    ཆེ་མོ་མཇུག་འགྲིལ་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་11ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་་དམངས་དྲ་བའི་འཕྲིན། ཟི་ལིང་ནས་ཟླ་8ཚེས་8ཉིན་ལུས་རྩལ་ཆེད་གཏོང་གློག་འཕྲིན་འབྱོར་གསལ། ཟླ་8ཚེས3ནས་ཚེས་7ཉིན་བར། “ཞུམ་མེད་མདུན་སྐྱོད། ཡུལ་ལྗོངས་མྱོང་རོལ”2016ལོའི་རྐང་ཐང་མར་ཀྲུང་གོའི་མཚོ་སྔོན་པོ་སྐོར་བའི་རྒྱལ་ཡོངས་འགྲན་བསྡུར་ཆེ་མོ་མཚོ་སྔོན་པོའི་འགྲམ་དུ་བྱས་ཤིང་། རྐང་ཐང་མར་བསྐྱོད་རྒྱུར་དགའ་པོ་བྱེད་མཁན་1000ལྷག་ཙམ་གྱིས་རྐང་ཐང་མར་བསྐྱོད་དེ་ལུས་སྦྱོང་བྱེད་པའི་བྱེད་སྟངས་ནས་ལོ་ལྟར་གྱི་ཟླ་8ཚེས་8ཉིན་གྱི་དམངས་ཡོངས་ལུས་སྦྱོང་ཉིན་མོ་བསུས་པ་མ་ཟད། ད་རེས་ཀྱི་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱང་བསུས་པ་རེད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་དམངས་ཡོངས་ལུས་སྦྱོང་ཉིན་མོར་བཏོན་པའི“དམངས་ཡོངས་ལུས་སྦྱོང་ཨོ་རྩལ་འགྲན་ཚོགས་དང་མཉམ་དུ་སྤེལ”ཞེས་པའི་གཙོ་གནད་བྱེད་སྒོ་ཞིག་རེད།
         ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གོའི་རི་འཛེག་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་བཅས་ཀྱིས་གཙོ་གཉེར་བྱས་པ་ཞིག་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་དང་མཚོ་སྔོན་པོའི་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སིས་གཉེར་མཁན་འཁུར་བ་ཞིག་རེད། འདི་ལོ་ནི་རྒྱལ་ཡོངས་རྐང་ཐང་མའི་འགྲན་བསྡུར་ཆེ་མོ་མཚོ་སྔོན་པོར་སྤེལ་ཐེངས་ལྔ་པ་ཡིན་ཞིང་། འགོ་འཛུགས་ས་དགོན་སྡེའི་སྒར་ས་དང་མཇུག་འགྲིལ་ས་ཝ་མགྱོགས་ཆུའི་སྒར་སར་ཡིན་པ་དང་སྤྱིའི་རིང་ཚད་ཧ་ལམ་སྤྱི་ལེ་120ཡོད་པ་རེད།
         དེ་དང་ཆབས་ཅིག མཚོ་སྔོན་པོའི་ཕ་མ་དང་བུ་ཕྲུག་གི་རྐང་ཐང་མའི་བྱེད་སྒོ་ཐོག་མ་དེའང་འགོ་ཚུགས་ཤིང་། མཚོ་སྔོན་པོར་ཕ་མ་དང་བུ་ཕྲུག་གིས་རྐང་ཐང་མར་སྐྱོད་པ་ནི་རྒྱལ་ཡོངས་རྐང་ཐང་མའི་འགྲན་བསྡུར་ཆེ་མོ་སྒྲིག་འཛུགས་ཨུ་ལྷན་གྱིས་བཏོད་པའི་རྐང་ཐང་མའི་རྣམ་པའི་མྱོང་རོལ་བྱེད་སྒོ་ཞིག་ཡིན་པ་དེས་རྐང་ཐང་མར་མཚོ་སྔོན་པོ་སྐོར་བ་གཞི་རྟེན་དུ་བྱས་ནས་ཕྱི་རོལ་ཏུ་སློབ་ཁྲིད་བྱེད་པ་དང་། ཕྱི་རོལ་ཏུ་བསྐྱོད་ནས་མཐོང་རྒྱ་ཆེ་རུ་གཏོང་བ། འཚོ་གནས་བྱེད་ཐབས་སྦྱོང་བ་སོགས་ཀྱི་མྱོང་རོལ་བྱེད་སྒོ་མཉམ་འདྲེས་བྱས་ཏེ་གཞོན་ནུ་ལོ་ཆུང་གི་སེམས་ཁམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སློབ་གསོ་རྒྱག་རྒྱུར་དེ་བས་སྣང་ཆེན་བྱ་ཆེད་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།