འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་བྲག་རྫོང་གིས་སྐབས་ཐོག་མའི་ཡུལ་སྐོར་རིག་གནས་དུས་ཆེན་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་04ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ལྷོ་བྲག་རྫོང་གིས་སྐབས་ཐོག་མའི་ཡུལ་སྐོར་རིག་གནས་དུས་ཆེན་བཏང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་1ཉིན་གྱི་སྔ་དྲོ་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་གིས་སྐབས་ཐོག་མའི་སྐུ་ལ་མཁའ་རིའི་ཡུལ་སྐོར་རིག་གནས་དུས་ཆེན་བཏང་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་བྲག་རྫོང་གི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། རིག་གནས་རྨང་གཞི་གཏིང་ཟབ་པོ་ཡོད་པས། ལོ་རེའི་ཟླ་8ཚེས་1ཉིན་ནས་ཚེས་5ཉིན་བར“བརྒྱད་གཅིག”དངོས་ཟོག་དང་རིག་གནས་སྤེལ་རེས་དུས་ཆེན་གཏོང་སྲོལ་ཡོད་པ་དང་སྦྲགས། ད་བར་སྐབས་33བདེ་བླག་ངང་སྤེལ་ནས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་། སྤེལ་རེས་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་དངོས་པོ་དང་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་ཀྱི་ཆེད་དུ་ནུས་པ་གལ་ཆེན་བཏོན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་བརྗོད་བྱ་གཙོ་བོ་ནི“གསང་བའི་ཡུལ་དུ་བསྐྱོད་ནས་ལྷོ་བྲག་དང་ལས་དབང་འབྲེལ”ཞེས་པ་དེ་ཡིན་ཞིང་། ཕུན་སུམ་ཚོགས་པའི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་ཟོག་དང་ཁྱད་ལྡན་ཡུལ་ཟོག་འགྲེམས་འཚོང་དང་། དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།ལྷོ་བྲག་རྫོང་གིས་སྐབས་ཐོག་མའི་ཡུལ་སྐོར་རིག་གནས་དུས་ཆེན་བཏང་བ།
      

    ཕྱོགས་བསྡུས་གསར་འགྱུར།