འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཉིང་ཁྲིའི་ས་མཐོའི་སྦྱོང་བརྡར་རྟེན་གཞི་བསྐྲུན་པ། 

    རང་རྒྱལ་གྱི་སྨུགས་ཤེད་རྣམ་གྲངས་ཀྱི་སྦྱོང་བརྡར་བྱ་ཡུལ་གལ་ཆེན་ཞིག་ཏུ་འགྱུར་རེ་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་11ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན།  ཉེ་ཆར། བོད་ལྗོངས་ཉིང་ཁྲིའི་ས་མཐོའི་སྦྱོང་བརྡར་རྟེན་གཞི་བསྐྲུན་ཟིན་པ་དང་འབྲེལ་ལས་གྲྭ་ཞིབ་བཤེར་རྩིས་ལེན་བྱས་པ་རེད། མ་འོངས་པར་སྦྱོང་བརྡར་རྟེན་གཞི་དེ་རང་རྒྱལ་གྱི་སྨུགས་ཤེད་རྣམ་གྲངས་ཀྱི་སྦྱོང་བརྡར་རྟེན་གཞི་གལ་ཆེན་ཞིག་ཏུ་འགྱུར་རེ་ཡོད།
    རྟེན་གཞི་དེའི་རྒྱ་ཁྱོན་ལ་མུའུ་40ལྷག་ཙམ་ཡོད་པ་དང་། རི་འཛེག་གྱང་སོཌ་ལུས་རྩལ་སྦྱོང་བརྡར་སྒྲིག་ཆས་སྣ་ཚོགས་བཀོད་སྒྲིག་བྱས་ཡོད་པ་མ་ཟད། དེ་འབྲེལ་གྱི་རོགས་སྐྱོབ་སྒྲིག་ཆས་དང་རྨང་གཞིའི་སྒྲིག་བཀོད་ཀྱང་ཆ་ཚང་པོ་ཡོད་པ་རེད། རྟེན་གཞི་དེས་རྒྱལ་ཁབ་རུ་ཁག་གི་སྦྱོང་བརྡར་དང་། བོད་ལྗོངས་ལུས་རྩལ་རུ་ཁག་གི་སྦྱོང་བརྡར། བོད་ཀྱི་ཁང་ཕྱིའི་ལུས་རྩལ་འཕེལ་རྒྱས་སོཌ་ལ་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།
          བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་འགན་འཁུར་བས་ཉིང་ཁྲིའི་ས་མཐོའི་སྦྱོང་བརྡར་རྟེན་གཞིར་གསོ་སྦྱོང་རྟེན་གཞི་དང་། སྤེལ་རེས་ལྟེ་གནས། ཐོན་ལས་གསོ་སྐྱོང་གླིང་། གཞོན་ནུ་ལོ་ཆུང་ཁང་ཕྱིའི་སྒར་ས་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་བསྡུ་རྒྱུ་རེད། མ་འོངས་པར་བོད་ཀྱིས་རྟེན་གཞི་དེར་ཚད་གཞི་མཐོ་བའི་སྨུགས་ཤེད་རྣམ་གྲངས་འགྲན་བསྡུར་སྤེལ་ཆོག་ཅེས་ངོ་སྤྲོད་བྱས།
          ཉིང་ཁྲིར་ས་བབ་སྨི་2900ཡོད་པ་དང་ནཌ་ཚལ་སྟུག་ལ་མཁའ་རླུང་ལ་གསོ་རླུང་འདུས་ཚད་ཅུང་མཐོ་བས་སྨུགས་ཤེད་རྣམ་གྲངས་སྦྱོང་བརྡར་ལ་འཚམ་པོ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།