འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས"གྲོང་མཐའ་ནགས་ཚལ་གྱིས་བསྐོར་བ"ལག་བསྟར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་11ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་སི་ཁྲོན་ཞིང་ཆེན་གྱི་རང་བྱུང་སྣོད་བཅུད་སྤྱིར་ལེགས་སུ་ཕྱིན་མོད། འོན་ཀྱང་། ཁག་གཅིག་སྔར་བཞིན་ཉམས་ཞན་གྱི་གནས་བབ་ཐོག་གནས་ཡོད། སི་ཁྲོན་ཞིང་ཆེན་གྱིས་ཉིན་ཤས་གོང་ནགས་ཚལ་གྲོང་ཁྱེར་ཚོགས་པ་ཆེ་གྲས་བཞི་བསྐྲུན་རྒྱུའི་གྲོས་འགོ་ཐོག་མར་བཏོན་ནས་ཕྱོགས་ཡོངས་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་བསྐྲུན་རྒྱུར་སྐུལ་མ་གཏིང་ཟབ་བཏང་བ་རེད།
         སི་ཁྲོན་དུ་ཡོངས་བསྒྲགས་བྱས་མ་ཐག་པའི་《སྔོ་ལྗང་འཕེལ་རྒྱས་ལ་སྐུལ་མ་བཏང་ནས་མཛེས་སྡུག་ལྡན་པའི་སི་ཁྲོན་བསྐྲུན་རྒྱུའི་སྐོར་གྱི་ཀྲུང་གུང་སི་ཁྲོན་ཞིང་ཨུད་ཀྱི་གཏན་འབེབས་》ནང་སི་ཁྲོན་གྱིས་གྲོང་མཐའ་ནགས་ཚལ་གྱིས་བསྐོར་རྒྱུའི་ལྟ་ཚུལ་བཏོན་པ་དང་། ནགས་ཚལ་གྲོང་ཁྱེར་དང་། སྐྱེད་ཚལ་གྲོང་ཁྱེར། ནགས་ཚལ་གྲོང་རྡལ་ཆུང་དུ་བཅས་གཏོད་རྒྱུའི་བྱེད་སྒོ་སྤེལ་ནས་ཁྲེང་ཏུའུ་བདེ་ཐང་དང་། སི་ཁྲོན་ལྷོ་ཕྱོགས། སི་ཁྲོན་བྱང་ཤར་། ཧྥན་ཀྲེ་ཧྭ་དང་ཤིས་ཁྲང་བཅས་ནགས་ཚལ་གྲོང་ཁྱེར་ཚོགས་པ་ཆེ་གྲས་བཞི་བསྐྲུན་རྒྱུ་རེད།
         2015ལོར་སི་ཁྲོན་གྱི་གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་སྤང་ལྗོངས་33.71%དང་མི་རེའི་ཆ་སྙོམས་སྤྱི་གླིང་སྤང་ལྗོངས་རྒྱ་ཁྱོན་སྨི་ངོས་གྲུ་11.38ཟིན་ནས་དམིགས་ཚད་ཁག་གཉིས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད། འོན་ཀྱང་གྲོང་ཁྱེར་ཁག་གཅིག་གི་ལྟེ་བའི་གྲོང་ཁུལ་གྱི་མི་རེའི་ཆ་སྙོམས་སྨི་ངོས་གྲུ་5ཡི་རྒྱལ་ཁབ་ཚད་གཞིའང་ད་དུང་ལོན་གྱི་མེད། ས་ཁུལ་ཁག་གཅིག་གིས་ད་དུང་གྲོང་ཁུལ་ལ་སྣང་ཆེན་དང་གྲོང་འདབས་ལ་སྣང་ཆུང་བྱེད་ཀྱི་ཡོད། གྲོང་ཁྱེར་ནང་ཁུལ་དང་། གྲོང་ཁྱེར་དབར། གྲོང་ཁྱེར་དང་གྲོང་གསེབ་དབར་བཅས་ཀྱི་སྔོ་ཁེབས་ཉུང་ལ་ནགས་ཚལ་གྱི་སྤྱིའི་བྱེད་ནུས་ཞན་པ་མ་ཟད། གྲོང་ཁྱེར་འཛུགས་སྐྲུན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་སྤྱི་འདོམས་འཕེལ་རྒྱས་འཚམ་མཐུན་མེད་པ་རེད།
         དེའི་ཐད་སི་ཁྲོན་ཞིང་ཆེན་ནགས་ལས་ཐིང་གི་ཐིང་ཀྲང་གཞོན་པ་པའོ་ཅན་ཧྭ་ཡིས་སི་ཁྲོན་གྱིས་ཕྱོགས་བསྡུས་སྔོ་ལྗང་རྒྱ་ཁྱོན་ཆེ་རུ་བཏང་ནས་གྲོང་ཁུལ་གསར་སྐྲུན་གྱིས་སྣོད་བཅུད་ས་ཆ་སོར་འཇོག་བྱས་ཏེ་དུས་མཉམ་དུ་སྔོ་ལྗང་ཅན་ལ་འགྱུར་བ་བྱེད་པ་དང་། རྫོང་གྲོང་ཡན་གྱི་གྲོང་ཁུལ་ལམ་ཡང་ན་གྲོང་འདབས་ལ་རྩ་དོན་ཐོག་གྲོང་མི་རོལ་རྩེད་དང་ངལ་གསོ་བའི་ནགས་ཚལ་སྤྱི་གླིང་ངམ་ཡང་ན་འདམ་ར་སྤྱི་གླིང་བསྐྲུན་པ། “ཞིང་དུད་ཁྲི་བརྒྱ་ཡིས་ཤིང་སྡོང་བྱེ་བ་འཛུགས་པའི”བྱེད་སྒོ་སྤེལ་ནས་གྲོང་ཚོར་འགྲོ་སྐྱོད་ལམ་བུ་དང་། གཅིག་སྡུད་འདུད་སྡོད་ཁུལ། ཁང་པའི་རྒྱབ་མདུན། རོལ་རྩེད་བྱ་ཡུལ་སྔོ་འགྱུར་སོགས་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་དང་གྲོང་རྡལ་དབར་གྱི“སྣོད་བཅུད་འབྲེལ་གཏུག”ཟབ་ཏུ་དང་གྲོང་ཁྱེར་དང་གྲོང་རྡལ་ནང་ཁུལ་དུ་སྔོ་ལྗང་ཅན་ཁྱབ་ཚད་མཐོ་རུ་གཏོང་རྒྱུ་བཅས་བཏོན་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།