འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་རྒྱལ་གྱི་མཁས་པའི་སྤྱན་ལམ་དུ་མངོན་པའི་བོད་ལྗོངས་ཏེ་འཕེལ་རྒྱས་བྱུང་ཚུལ་བསྟོད་
    བསྔགས་བྱེད་འོས་ཤིང་རིག་གནས་ལ་ཡིད་སྨོན་བྱེད་དུ་བཅུག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་08ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཕྱི་རྒྱལ་གྱི་མཁས་པའི་སྤྱན་ལམ་དུ་མངོན་པའི་བོད་ལྗོངས་ཏེ་འཕེལ་རྒྱས་བྱུང་ཚུལ་བསྟོད་
བསྔགས་བྱེད་འོས་ཤིང་རིག་གནས་ལ་ཡིད་སྨོན་བྱེད་དུ་བཅུག་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་འཚོགས་པའི་པེ་ཅིང་(རྒྱལ་སྤྱིའི་)བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་དྲུག་པའི་ཐོག་བོད་ལྗོངས་འཕེལ་རྒྱས་ཀྱི་སྣང་འཆར་སྐོར་གླེང་དུས། ཨ་ཧྥེ་རི་ཁ་ལྷོ་མའི་སློབ་ཆེན་གྱི་འབུམ་རམས་པ་ཧྥར་ཧ་ན་•ཕའེ་ལུ་ཁེ་ཡིས"བོད་ལྗོངས་ཀྱི་འཕེལ་རྒྱས་ནི་མི་རྣམས་ཀྱིས་བསྟོད་བསྔགས་གཏོང་དུ་འོས་པ་ཞིག་རེད། ཐེངས་འདིའི་དཔྱད་གླེང་གྲོས་ཚོགས་བརྒྱུད་ང་རང་གིས་ཀྱང་བོད་ལྗོངས་ཡུན་རིང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་འཆར་འགོད་མི་ཉུང་བ་ཞིག་ཤེས་རྟོགས་བྱུང་བས། འདི་ནི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་རེད"ཅེས་བསྟན་པ་རེད།
         ཧྥར་ཧ་ན་•ཕའེ་ལུ་ཁེ་ཡིས་ཉེ་ཆར་ཁོ་མོ་ཐེངས་དང་པོར་བོད་ལྗོངས་སུ་ཕྱིན་པ་དང་། བོད་ལྗོངས་ཀྱི་འཕེལ་རྒྱས་བྱུང་ཚུལ་གྱིས་ཁོ་མོར་སྣང་འཆར་གཏིང་ཟབ་པོ་བཞག་སོང་། འཆར་སྣང་ཟབ་པོ་གཙོ་བོ་ཕྱོགས་གསུམ་ནས་ཡིན་པ་སྟེ། གཅིག་ནི་བོད་ལྗོངས་ཀྱིས་ལག་རྩལ་བཀོལ་སྤྱོད་བྱས་ཏེ་སྐྱེ་ལྡན་ཞིང་ལས་ཐོན་རྫས་དང་སྔོ་ཚལ་སོགས་མཐོ་སྒང་ས་ཁུལ་དུ་སྐྱེས་པ་བྱས་ཡོད་པ་དང་། གཉིས་ནི་བོད་ལྗོངས་ཀྱི་རྨང་གཞི་སྒྲིག་བཀོད་དང་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་པོར་གྱུརཔ། གསུམ་ནི་བོད་ལྗོངས་ཀྱི་སློབ་གསོ་དང་། རིག་གནས། ཡུལ་སྐོར་བཅས་ཚང་མར་འཕེལ་རྒྱས་ཧ་ཅང་བཟང་པོ་བྱུང་འདུག་ཅེས་བརྗོད་པ་རེད།
    ༄༅།།ཕྱི་རྒྱལ་གྱི་མཁས་པའི་སྤྱན་ལམ་དུ་མངོན་པའི་བོད་ལྗོངས་ཏེ་འཕེལ་རྒྱས་བྱུང་ཚུལ་བསྟོད་
བསྔགས་བྱེད་འོས་ཤིང་རིག་གནས་ལ་ཡིད་སྨོན་བྱེད་དུ་བཅུག་པ།
      

    ཕྱོགས་བསྡུས་གསར་འགྱུར།