འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།"དགེ་སློབ་ཁྲི་སྟོང་མཉམ་དུ་ཞུགས་པའི་དགོངས་པ་གསར་པ་སློབ་སྦྱོང་གི་སློབ་ཚན"ཅང་སུའུ་རུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་07ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཚེས་4ཉིན་སློབ་གསོ་པུས་གཙོ་གཉེར་བྱས་པ་དང་ཅང་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་སྒྲུབ་འགན་ཁུར་བའི་རྒྱལ་ཡོངས་མཐོ་སློབ་ཀྱི“དགེ་སློབ་ཁྲི་སྟོང་མཉམ་དུ་ཞུགས་པའི་དགོངས་པ་གསར་པ་སློབ་སྦྱོང་གི་སློབ་ཚན”འཚོགས་པའི་བྱེད་སྒོ་ཅང་སུའུ་རུ་འགོ་ཚུགས་པའི་མཛད་སྒོ་དང་སློབ་ཚན་ཐོག་མ་དེ་ནན་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་གྱི་སློབ་གྲྭ་ཆེ་མོ་བའི་བྱེད་སྒོའི་ལྟེ་གནས་སུ་འགོ་ཚུགས་པ་དང་། ནན་ཅིང་གི་མཐོ་སློབ་ཁག་ནས་ཡོང་བའི་དགེ་སློབ་ཀྱི་འཐུས་མི་1100ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་སློབ་ཚན་ཡང་ཉན་པ་རེད།
          ནན་ཅིང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་འབུམ་རམས་པའི་སློབ་སྟོན་པ་ཡའོ་རུན་ཀའོ་དང་། ནན་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་གྱི་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཞུས་ཁྲོན་སོ་སོས་འགོ་བརྗོད་དུ“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྲུང་གོའི་གསར་ཤོས་དང་གསོན་ཉམས་དོད་ཤོས་ཀྱི་མར་ཁེ་སི་རིང་ལུགས་ཤིག་ཡིན་པ”དང་། “རྒྱལ་གཅེས་དང་། ལྕག་སྐུལ། བདེན་འཚོལ། འབད་སྒྲུབ་བཅས་བྱས་ནས་དུས་རབས་གསར་པར་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་སྒྲུབ་ཕོད་པའི་གཞོན་ནུ་གསར་པ་ཞིག་བྱེད་དགོས”ཞེས་པའི་སློབ་ཁྲིད་བྱས་པ་རེད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་གྱི་དགེ་སློབ་ཀྱི་བཞུགས་མོལ་ཚོགས་འདུ་དང་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱ་ཆེད། “རྒྱལ་སར་དགེ་སློབ་ཁྲི་སྟོང་མཉམ་དུ་སློབ་ཚན་ལ་ཞུགས་པའི”བྱེད་སྒོ་ལེགས་གྲུབ་ལྡན་པའི་ངང་སྤེལ་བའི་རྨང་གཞིའི་ཐོག་སློབ་གསོ་པུས་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་མཐོ་སློབ་སོ་སོར“དགེ་སློབ་ཁྲི་སྟོང་མཉམ་དུ་ཞུགས་པའི་དགོངས་པ་གསར་པ་སློབ་སྦྱོང་གི་སློབ་ཚན”གྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་རྒྱུའི་ཐག་བཅད་པ་རེད།
          སློབ་གསོ་པུའི་གཅིག་གྱུར་བཀོད་སྒྲིག་ལྟར་ཅང་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་མཐོ་སློབ་ཁག་གཅིག་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། སློབ་སྤྱི། འབྲི་ཆུའི་མཁས་དབང་། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རིགས་གཅིག་མཁས་ཅན་གྲགས་ཅན། ཕུལ་བྱུང་གི་བསམ་བློ་ཆབ་སྲིད་ལས་དོན་གྱི་རྐང་འཛིན་པ་སོགས་ཚུད་པའི་འབྲེལ་ཡོད་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་དང་སློབ་ཁྲིད་ཀྱི་ཟིན་བྲིས་གྲ་སྒྲིག་ཞིབ་ཚགས་ཁར་མཐོ་སློབ་ཀྱི་དགེ་རྒན་དང་སློབ་མའི་ཚོགས་སྤྱི་སོ་སོར་སློབ་ཁྲིད་བྱ་རྒྱུར་དམིགས་ནས“དངོས་ཞུགས་སློབ་ཚན”དང་། “ཐད་སྦྲེལ་སློབ་ཚན”“དྲ་རྒྱའི་སློབ་ཚན”བཅས་དང་ཟུང་འབྲེལ་ནུས་ལྡན་ཡོང་བ་བྱས་པས། ཞིང་ཆེན་དེ་ཡོངས་ཀྱི་མཐོ་སློབ་དང་དགེ་སློབ་ཁྱོན་ཡོངས་ལ་ཁྱབ་སྟེ“ཞིང་ཆེན་ཡོངས་ཀྱི་མཐོ་སློབ་ཀྱི་དགེ་སློབ་མཉམ་ཞུགས་ཀྱི་སློབ་ཚན”གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་ཐུབ་པ་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།