འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨུ་རུ་སུའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་
    ཁྱབ་ཁོངས་རྒྱ་ཆེ་བ།

    —— ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཧུའེ་ལ་བཅར་འདྲི་ཞུས་པའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་07ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ཀྲུང་གོ་དང་ཨུ་རུ་སུའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་ཁྱབ་ཁོངས་རྒྱ་ཆེན་པོ་ཡོད། ཀྲུང་གོ་དང་ཨུ་རུ་སུའི་ས་ཁུལ་གྱི་མཉམ་ལས་སྤེལ་རེས་ལོའི་བྱེད་སྒོ་དབྱར་མཚོ་རྒྱས་པ་བཞིན་སྤེལ་བ་དང‘རྒྱུད་གཅིག་ལམ་གཅིག’གི་འཛུགས་སྐྲུན་དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་སྐྱོང་གི་སྦྲེལ་མཐུད་མཉམ་ལས་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད”ཅེས་ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཧུའེ་ཡིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་དེ་ལྟར་གསུངས།
         ཀྲུང་གོ་དང་ཨུ་རུ་སུའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་པའི་སྐོར་ངོ་སྤྲོད་གནང་སྐབས་ལི་ཧུའེ་ཡིས“ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཨུ་རུ་སུའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་བརྟན་པོ་ཐུབ་ནས‘ཉིན་ལྟར་འཕེལ་རྒྱས་ཕྱིན་པ་དང་། ཟླ་རེར་གྲུབ་འབྲས་ཐོབ་པ། ལོ་ལྟར་སྐས་རིམ་གསར་པར་སླེབས་པ’ཞེས་བརྗོད་ཆོག”ཅེས་ངོ་སྤྲོད་གནང་།
         “ཀྲུང་གོ་འདི་ཉིད་ལོ་བརྒྱད་བསྟུད་མར་ཨུ་རུ་སུའི་ཚོང་དོན་རོགས་ཟླ་ཨང་དང་པོའི་གནས་བབ་ཐོག་སླེབས་ཡོད། གཞུང་ཕྱོགས་ཀྱི་གྲངས་གཞི་ལས་མངོན་དོན། 2017ལོའི་ཀྲུང་གོ་དང་ཨུ་རུ་སུའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་840.7ཟིན་ཏེ་དུས་མཚུངས་ལས་20.8%འཕར་ཡོད”ཅེས་ལི་ཧུའེ་ཡིས་གསུངས་པ་དང་། ཁོང་གིས་ཀྲུང་གོ་དང་ཨུ་རུ་སུའི་ཚོང་དོན་མགྱོགས་མྱུར་འཕར་བཞིན་ཡོད་པ་དང་། འདི་ལོའི་དུས་ཚིགས་དང་པོར་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་འཕར་ཚད་30%ཙམ་ཟིན་ནས་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་དང་ལོ་ཧྲིལ་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་1000ཟིན་པ་དང་དེ་ལས་ལྷག་པ་ཡོང་རེ་ཡོད་ཅེས་གསུངས།
         ཁོང་གིས་ཀྲུང་གོ་དང་ཨུ་རུ་སུའི་དཔལ་འབྱོར་ཚོང་དོན་འབྲེལ་བ་མགྱོགས་མྱུར་ལེགས་སུ་ཕྱིན་ཞིང་། ཚོང་དོན་གྱིས་རྨང་གཞི་དང་། མ་འཇོག་གིས་སྒུལ་ཤུགས། རྣམ་གྲངས་ཆེ་གྲས་ཀྱིས་གཙོ་བོ། ས་ཁུལ་གྱི་མཉམ་ལས་ཀྱིས་འདེགས་སྐྱོར་བཅས་བྱས་ནས། ཀྲུང་གོ་དང་ཨུ་རུ་སུས་མཉམ་འབྲེལ་ཐོག་ཞིབ་བཟོ་བྱས་པའི་ཐག་རིང་ཤོང་ཆེའི་འགྲུལ་སྐྱེལ་གནམ་གྲུའི་རྣམ་གྲངས་ཀྱི་མ་རྩ་མཉམ་འཇོག་ཀུང་སི་དངོས་སུ་བཙུགས་པ་དང་། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཚད་ཡོད་ཀུང་སི་དང་དར་གོས་ལམ་བུའི་ཐེབས་རྩ་མ་རྐང་ནང་ཞུགས་པའི་ཡཱ་མའར་གཤེར་འགྱུར་རླངས་པའི་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་རྣམ་གྲངས་བདེ་བླག་ངང་ལག་ལེན་བསྟར་ཡོད། དེ་དང་ཆབས་ཅིག་ནུས་རྒྱུ་དང་། ཉིང་རྡུལ་ནུས་པ། མཁའ་འགྲུལ། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་འཐབ་ཇུས་རང་བཞིན་གྱི་རྣམ་གྲངས་ཆེ་གྲས་ཀྱི་མཉམ་ལས་ལའང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཕྱོགས་གཉིས་པོས་ད་དུང་གྲངས་འཛིན་དཔལ་འབྱོར་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང“འཁྱགས་ཐོག་གི་དར་གོས་ལམ་བུ”ཧུར་ཐག་བཏོད་ཡོད།
         འདི་ལོ་དང་སང་ལོ་ནི་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་ས་ཁུལ་གྱི་མཉམ་ལས་སྤེལ་རེས་ཀྱི་ལོ་ཞིག་རེད། ལི་ཧུའེ་ཡིས་ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཨུ་རུ་སུའི་ས་གནས་མཉམ་ལས་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དང་ཕྱོགས་གཉིས་པོས“འབྲི་ཆུ་དང་ཕུའུ་ཨར་ཅ་གཙང་པོ”དང“བྱང་ཤར་དང་རྒྱང་ཤར”གྱི་ས་ཁོངས་རང་བཞིན་གྱི་མཉམ་ལས་ལམ་སྲོལ་ཆེན་པོ་གཉིས་བཙུགས་པ་དང་མཛའ་གྲོགས་གྲོང་ཁྱེར་དང་ཞིང་ཆེན་དང་ཀྲོའུ་100ལྷག་ཙམ་ཆ་སྒྲིག་བྱས་ཏེ་སྤྱིའི་ཆ་ནས་ཁྱབ་ཁོངས་དང་ས་ཁོངས་ཡོངས་ལ་ཁྱབ་པ་བྱས་ཡོད། ཕྱོགས་གཉིས་པོས་ས་ཁུལ་གྱི་མཉམ་ལས་སྤེལ་རེས་ལོའི་སྒྲོམ་གཞིའི་ནང་བྱེད་སྒོ་བརྒྱ་ལྷག་ཙམ་སྤེལ་རྒྱུ་རེད། ཀྲུང་གོ་དང་ཨུ་རུ་སུའི་ས་ཁུལ་གྱི་མཉམ་ལས་སྤེལ་རེས་ལོས་རྒྱལ་ཁབ་གཉིས་པོའི་ས་ཁུལ་གྱི་མཉམ་ལས་ཀྱི་སྤྲོ་སེམས་སྔར་བས་ཆེ་རུ་བཏང་སྟེ་མཉམ་ལས་ཀྱི་མི་མངོན་པའི་སྒུལ་ཤུགས་སྔོག་འདོན་དང་འཕར་གཞི་གསར་པ་བཏོད་ནས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྒུལ་ནུས་གསར་རྐྱང་ཞིག་མཁོ་འདོན་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།