འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་བདེ་ཆེན་ཁུལ་དུ་རྒྱུགས་ར་བཀོད་
    སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་31ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་བདེ་ཆེན་ཁུལ་དུ་རྒྱུགས་ར་བཀོད་
སྒྲིག་བྱས་པ།
        མི་དམངས་དྲ་བའི་འཕྲིན། 2018ལོར། ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གིས་ཡུན་ནན་ཞིང་ཆེན་དུ་སྐབས་བཅུ་བདུན་པའི་མཐོ་རིམ་ཡོན་གནས་འཛིན་གྲྭ་དགེ་ལུགས་པའི་སློབ་མ་བསྡུ་བའི་རྒྱུགས་ར་ཐོག་མར་བདེ་ཆེན་ཁུལ་དུ་བཀོད་སྒྲིག་བྱས་པ་རེད། ཟླ་5ཚེས་26ཉིན་ནང་བསྟན་སློབ་གླིང་གི་རྟགས་གསལ་རྒྱུགས་རྩོད་བཏང་ཡོད་པ་རེད།
         ཐེངས་འདིའི་ཡིག་རྒྱུགས་ལ་ཁྱོན་གྲྭ་བ་6དང་ནང་བསྟན་སློབ་གླིང་གི་སློབ་མ་52ལྟ་སྦྱོང་ལ་ཞུགས་ཡོད་པ་དང་། རྟགས་གསལ་གྱི་དགེ་རྒན་8ཀྱིས་སྐར་མ་སྤྲོད་པ། རྒྱུགས་སྤྲོད་སྐབས་སུ། རྒྱུགས་སུ་ཞུགས་མཁན་གྲྭ་བ་6གིས་དགེ་རྒན་དང་རྟགས་གསལ་བཏང་ཡོད་པ་རེད། དེའི་ཡིག་རྒྱུགས་གྲུབ་འབྲས་ནི་མཐོ་རིམ་ནང་བསྟན་སློབ་གླིང་གིས་རྒྱུགས་སུ་ཞུགས་པའི་གྲྭ་བའི་གྲུབ་འབྲས་ལ་གཞིགས་ནས་ཕྱོགས་བསྡུས་ངང་འདེགས་འཇོག་བྱས་ནས། ཕུལ་དུ་བྱུང་བ་དེ་བདམས་རྒྱུ་ཡིན་པ་རེད། སློབ་མ་བསྡུ་རྗེས་སུ་མཐོ་རིམ་སློབ་གླིང་དུ་གཅིག་འདུས་ངང་སློབ་སྦྱོང་བྱ་རྒྱུ་དང་། སློབ་སྦྱོང་གི་གྲུབ་འབྲས་དང་ཕྱོགས་བསྡུས་གྲུབ་འབྲས་ཚད་དང་མཐུན་ཞིང་། ཐོབ་ཐང་ཞིབ་བཤེར་ཡང་དག་པ། ཡོན་གནས་རྟགས་གསལ་རྒྱུགས་སྤྲོད་དང་དཔྱད་རྩོམ་དམ་བཅའ་འཇོག་མཁན་ལ་ཐོ་རམས་པའི་མཐོ་རིམ་ཡོན་གནས་སྤྲོད་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། དེ་སྔོན། བདེ་ཆེན་ཁུལ་གྱི་རྒྱུགས་ལ་ཞུགས་མཁན་གྲྭ་བ་ཚོ་ཀན་སུའུ་དང་མཚོ་སྔོན། བོད་ལྗོངས་སོགས་སུ་འགྲོ་དགོས་ཤིང་། ཐེངས་འདིའི་རྒྱུགས་ར་ནི་བདེ་ཆེན་ཁུལ་དུ་བཀོད་སྒྲིག་བྱས་པ་ནི་བདེ་ཆེན་ཁུལ་གྱི་ནང་བསྟན་སློབ་གླིང་གི་ཆུ་ཚད་དང་སློབ་སྦྱོང་གི་ཆ་རྐྱེན་སོགས་ཐད་ཀྱི་ཁས་ལེན་པ་རེད། 
    ༄༅།།ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་བདེ་ཆེན་ཁུལ་དུ་རྒྱུགས་ར་བཀོད་
སྒྲིག་བྱས་པ།
    ༄༅།།ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་བདེ་ཆེན་ཁུལ་དུ་རྒྱུགས་ར་བཀོད་
སྒྲིག་བྱས་པ།
    ༄༅།།ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་བདེ་ཆེན་ཁུལ་དུ་རྒྱུགས་ར་བཀོད་
སྒྲིག་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།