འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།གུང་གཞོན་སྡེ་ཚོགས་ཀྱི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་ཚང་མ་བདམས་ཐོན་བྱུང་བ། 

    གཞི་རིམ་དང་འཐབ་ཕྱོགས་དང་པོའི་འཐུས་མིའི་བསྡུར་ཚད་70%ལྷག་ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་07ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པར་སྡེ་ཚོགས་ཀྲུང་དབྱང་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་ཞུགས་མཁན་འཐུས་མི་1529ཚང་མ་བདམས་ཐོན་བྱུང་བ་རེད། འཐུས་མི་འདེམས་པའི་གྲུབ་ཆ་ལས་ཀྲུང་དབྱང་གིས་གུང་གཞོན་སྡེ་ཚོགས་ལ་འཛིན་པའི་སྒྱུར་བཅོས་ཀྱི་བླང་བྱ་གང་ལེགས་མངོན་པ་དང་། གཞི་རིམ་དང་འཐབ་ཕྱོགས་དང་པོའི་འཐུས་མིའི་བསྡུར་ཚད་70%ལྷག་ཙམ་ཟིན་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། གུང་གཞོན་སྡེ་ཚོགས་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་འདེམས་སྐབས་ཞིང་ཆེན་སྡེ་ཚོགས་དང་། རང་སྐྱོང་ལྗོངས་སྡེ་ཚོགས། ཐད་སྐྱོང་གྲོང་ཨུད་སྡེ་ཚོགས་བཅས་དང་། རྒྱལ་ཡོངས་ལྕགས་ལམ་སྡེ་ཚོགས་ཨུ་ལྷན། རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་སྡེ་ཚོགས་ཨུ་ལྷན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚོགས་ལས་དོན་ཨུ་ལྷན། ཀྲུང་དབྱང་དངུལ་རྩའི་སྡེ་ཚོགས་ལས་དོན་ཨུ་ལྷན། ཀྲུང་དབྱང་ཁེ་ལས་ཀྱི་སྡེ་ཚོགས་ལས་དོན་ཨུ་ལྷན། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་འདེམས་བསྐོའི་ཚན་པ་ཡིན་པ་དང་། གུང་གཞོན་སྡེ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ནམ་ཡང་ན་འཐུས་མིའི་ཚོགས་འདུ་ཁག་སོ་སོར་འཚོགས་ནས་འདེམས་ཐོན་བྱེད་ཀྱི་ཡོད་པ་རེད། ཐའེ་དབན་ཞིང་ཆེན་གྱི་འཐུས་མི་འབྲེལ་ཡོད་འདེམས་ཐོན་ཚན་པས་འོས་འདེམས་བྱ་རྒྱུའི་མངགས་བཅོལ་བྱེད་ཀྱི་ཡོད་པ་རེད། གུང་གཞོན་སྡེ་ཚོགས་ཀྱི་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་མཁན་འཐུས་མིའི་ཐོབ་ཐང་དེ་སྐབས་དེ་དུས་གུང་གཞོན་སྡེ་ཚོགས་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཁས་ལེན་བྱ་རྒྱུ་ཡིན་པ་རེད།
          སྡེ་ཚོགས་ཀྲུང་དབྱང་གི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་དོན། འདེམས་བསྐོའི་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་གུང་གཞོན་སྡེ་ཚོགས་ཀྱི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཀྱི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། གུང་གཞོན་སྡེ་ཚོགས་ཀྱི་སྒྲིག་ཡིག་དང་སྡེ་ཚོགས་ཀྲུང་དབྱང་གི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུ་བ། ཆབ་སྲིད་དང་། སྤྱོད་གཙང་། ཐོབ་ཐང་བཅས་ཀྱི་འགག་སྒོ་ནན་པོ་སྲུང་བ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་བསྟར་བ། འོག་ནས་གོང་བར་དང་། གོང་འོག་ཟུང་འབྲེལ། གྲོས་མོལ་ཡང་ཡང་། རིམ་པ་བཞིན་གདམ་གསེས་བཅས་ཀྱི་ལས་ཀའི་བྱ་ཐབས་སྤྱོད་པ། འཁྲོལ་ཡོད་འོས་སྦྱོར་དང་། འཁྲོལ་ཡོད་རྟོག་ཞིབ། འཁྲོལ་ཡོད་འདེམས་བསྐོ་བཅས་བྱེད་པ། གུང་གཞོན་སྡེ་ཚོགས་ཀྱི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་འདེམས་བསྐོའི་ལས་དོན་ལེགས་པར་སྒྲུབ་པ་བཅས་བྱས་ནས་ཚོགས་ཆེན་ཡག་པོ་འཚོག་ཆེད་རྩ་འཛུགས་ཀྱི་འགན་ལེན་གལ་ཆེན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།