འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།གོ་ལ་ཧྲིལ་པོའི་ཆེད་ལས་མཚན་འོད་རྒྱང་ཚོར་སྲུང་སྐར་ཐོག་མ་སྟེ"ལོ་ཅ་ཨང་དང་པོ་རྟགས་ཅན"
    གྱི་ཚན་རིག་ཚོད་ལྟའི་སྲུང་སྐར་འཕེན་གཏོང་ལེགས་གྲུབ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་07ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཁྲང་ཀོང་སྲུང་སྐར་ལག་རྩལ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་2ཉིན་གྱི་ཆུ་ཚོད་12དང་སྐར་མ་13ཐོག་རང་རྒྱལ་གྱིས་ཀྲུང་གོ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པ་ང་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ“ལོ་ཅ་ཨང་དང་པོ་རྟགས་ཅན”གྱི་ཚན་རིག་ཚོད་ལྟའི་སྲུང་སྐར་འཕེན་གཏོང་ལེགས་གྲུབ་བྱུང་བ་དང་སྲུང་སྐར་དེ་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་འབྱོར་ཏེ་འཕེན་གཏོང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ཅ་ཨང་དང་པོ་རྟགས་ཅན”གྱི་སྲུང་སྐར་ནི་ཁྲང་ཀོང་སྲུང་སྐར་ལག་རྩལ་ཚད་ཡོད་ཀུང་སིས་ཚོང་ལས་ཅན་གྱི་མངགས་ཐོ་བརྒྱུད་ཝུའུ་ཧན་སློབ་ཆེན་གྱིས་ཞིབ་འཇུག་དང་གསར་བཟོ་བྱས་པའི་སྲུང་སྐར་ཐོག་མ་དེ་ཡིན་པ་དང་དེ་ནི་གོ་ལ་ཧྲིལ་པོའི་ཆེད་ལས་མཚན་འོད་རྒྱང་ཚོར་སྲུང་སྐར་ཐོག་མ་དེའང་ཡིན། མཚན་འོད་རྒྱང་ཚོར་དང་དེ་བཞིན་གཙོ་བོ་ཕྱོགས་སྟོན་གྱི་ལག་རྩལ་ཤུགས་ཆེ་རུ་གཏོང་བའི་ར་སྤྲོད་ཐད་སྤྱོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།