འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་དུ་ཆ་ཚང་ཤོས་ཀྱི་རྡོ་བརྐོས་བཀའ་བསྟན་ཁེར་མ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་06ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།འཛམ་གླིང་དུ་ཆ་ཚང་ཤོས་ཀྱི་རྡོ་བརྐོས་བཀའ་བསྟན་ཁེར་མ།
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་འཛམ་ཐང་རྫོང་སྤང་ཐོག་དགོན་པའི་ནང་མིང་ཆིང་དུས་སྐབས་སུ་རྡོ་བརྐོས《བཀའ་འགྱུར》དང《བསྟན་འགྱུར》གྱི་མ་ཎི་རྡོ་འབུམ་ཁྲི་50ཙམ་གཅེས་ཉར་བྱས་ཡོད། བཀའ་བསྟན་གྱི་གཡོན་ལ་མཐོ་ཚད་སྨི་9.7དང་། གཡས་ལ་མཐོ་ཚད་སྨི་9.2 རིང་ཚད་ལ་སྨི་46 གཡོན་གྱི་ཞེང་ཚད་ལ་སྨི་160 གཡས་ཀྱི་ཞེང་ཚད་ལ་སྨི་13བཅས་རྒྱ་ཁྱོན་སྨི་གྲུ་བཞི་མ་598ཡོད་པས་མིག་སྔར་འཛམ་གླིང་ཡོངས་སུ་ཉར་ཚགས་ཆ་ཚང་ཤོས་དང་། གཞི་ཁྱོན་ཆེ་ཤོས། ནང་དོན་ཕུན་སུམ་ཚོགས་ཤོས་ཀྱི་རྡོ་བརྐོས་བཀའ་བསྟན་ཁེར་མ་ཡིན། ལོ་རྒྱུས་ཡིག་ཆར་བཀོད་པ་ལྟར་ན། མིང་རྒྱལ་རབས་ཀྱི་མཇུག་དང་ཆིང་རྒྱལ་རབས་ཀྱི་འགོའི་དུས་སྐབས་སུ་རྡོ་བཟོ་བ་60ཡིས་ལོ་9ཙམ་དཀའ་སྤྱད་འབད་འཐབ་བྱས་པ་ལས་བྱུང་བ་རེད། བོད་ཡིག་གི་དཔེ་ཆའི་རིས་མོ་དང་ཡི་གེ་མཉམ་དུ་རྡོ་བརྐོས་བྱས་པ་དང་། འབྲི་རྩལ་བདེ་བ། སྲབ་མཐུག་རན་པོ། གདགས་སྲིབ་མཐུན་པར་སྦྱར་བ། པར་གཞི་མིག་ལ་མཛེས་པ་བཅས་རིག་དངོས་དང་སྒྱུ་རྩལ་གྱི་ཞིབ་འཇུག་རིན་ཐང་ཆེན་པོ་ལྡན་ཡོད་པ་རེད།
    ༄༅།།འཛམ་གླིང་དུ་ཆ་ཚང་ཤོས་ཀྱི་རྡོ་བརྐོས་བཀའ་བསྟན་ཁེར་མ།
    ༄༅།།འཛམ་གླིང་དུ་ཆ་ཚང་ཤོས་ཀྱི་རྡོ་བརྐོས་བཀའ་བསྟན་ཁེར་མ།
      

    ཕྱོགས་བསྡུས་གསར་འགྱུར།